《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སའི་ཞིང་ཟོག་ཁྲོམ་རར་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཟླ་6ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་། བརྒྱད་གཅིག་ལམ་ཞིང་ལས་ཐོན་རྫས་ཁྲོམ་ར། ལྕགས་པོ་རིའི་ཞིང་ཟོག་ཁྲོམ་ར་བཅས་སུ་ཕེབས་ཏེ། ལྷ་སའི་ཞིང་ཟོག་ཁྲོམ་རའི་གཉེར་སྐྱོང་བྱེད་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དང་བཟའ་བཅའི་བདེ་འཇགས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་། གཉེར་སྐྱོང་བྱེད་པོའི་ཚོང་གཉེར་ལག་ཁྱེར་དང་། སྤ་སེ། དེ་བཞིན་ཚོང་ཟོག་འཐེན་པའི་ཟིན་ཐོ་བཅས་ལ་གཟིགས་ཞིབ་ནན་ཏན་གནང་བ། ཁྲོམ་རའི་ཤ་རིགས་དང་མཚོ་ཟས་སོགས་ཐོན་རྫས་ཀྱི་ཡོང་ཁུངས་དང་། རིན་གོང་། ཕྱིར་ཚོང་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། ཞིབ་དཔྱད་ཚད་ལེན་ཁང་གི་སྒྲིག་ཆས་སྒྲིག་སྦྱོར་དང་ཞིང་ལས་ཐོན་རྫས་ལ་ཞིབ་བཤེར་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་གནང་བ། འབྲེལ་ཡོད་འགན་འཁུར་བའི་ལས་དོན་སྙན་སེང་གསན་པ་བཅས་བྱས་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ལྷོད་གཡེང་སྣང་མེད་ཀྱི་བསམ་བློ་ཁྱད་བསད་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་པ། ཕྱི་ནས་མ་འགོ་བ་བྱེད་པའི་བྱེད་ཐབས་ཁག་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ། མཚོ་ཟས་དང་ཤིང་ཏོག་སོགས་ནང་འདྲེན་བཟའ་བཅར་ཞིབ་བཤེར་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་བཟའ་བཅའི་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་འབྱུང་རྩ་ནས་ནན་པོ་འགོག་དགོས་པའི་བླང་བྱ་བཏོན་གནང་བ་རེད།