《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ

ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་མཛད་ཕྱོགས་སྲིད་ཇུས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་མཛུབ་སྟོན་ཡང་དག་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་སྟེ། ཇུས་འགོད་ཞིབ་ཚགས་དང་སྐུལ་འདེད་ཤུགས་ཆེན་བཏང་བས་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གྲངས་འབོར་རམ་ཡང་ན་གཞི་ཁྱོན། དེ་བྱིངས་ཀྱི་སྤུས་ཚད་དང་ཕན་འབྲས་གང་ཅིར་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་མང་དུ་གཏོང་བའི་ཡོང་ཁུངས་གཙོ་བོ། སྤྱི་ཚོགས་ལས་ཞུགས་རྒྱ་ཆེར་གཏོང་བའི་གཞི་རྟེན་གལ་ཆེན་བཅས་སུ་གྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

འདི་ནི་བོད་ལྗོངས་གནམ་ས་ལྗང་མདོག་འཐུང་བཅའ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ནས་ཆང་ཐོན་སྐྱེད་དང་ལས་སྣོན་འཁོར་ཁང་གི་ཟུར་ཞིག་ཡིན་པ།