《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་ཞི་མཐུན་གྱི་མི་རིགས་འབྲེལ་བ་ཞིག་འཛུགས་དགོས།

—— བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་གཞོན་པ་དབྱིན་ཧའེ་གཡན་ལ་བཅར་འདྲི་ཞུས་པ།

2020ལོའི་ཟླ་1ཚེས་11ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་ཡོད། དེ་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་ལས་དོན་དེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ཐོག་བསྐྱོད་ཐུབ་པ་མཚོན་ཡོད། འོ་ན《སྲོལ་ཡིག》ལ་ཁྱད་ཆོས་གང་ཞིག་ལྡན་པ་དང་། 《སྲོལ་ཡིག》གང་འདྲ་བྱས་ནས་དོན་འཁྱོལ་ཡག་པོ་བྱེད་པའི་ཐད་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་གཞོན་པ་དབྱིན་ཧའེ་གཡན་ལ་བཅར་འདྲི་ཞུས་པ་ཡིན།

“《སྲོལ་ཡིག》གི་སྤྱིའི་རྩ་དོན་ནང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། མི་རིགས་ཁག་ཚང་མ་འདྲ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྒོ་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ་བསྟན་ཡོད”ཅེས་དབྱིན་ཧའེ་གཡན་གྱིས་བཤད་པ་དང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་མི་རིགས་མཐུན་སྒྲིལ་ལ་འཕྲད་པའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ནས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བྱེད་པའི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་བཏོན་གནང་བ་དེས་ང་ཚོས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པའི་ཆོད་སྡོམ་གལ་ཆེན་ལ་ངོས་འཛིན་ཡང་དག་བྱུང་ནས་ཁྱོན་ཡོངས་དང་། གཏིང་ཟབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བསྒྲུབ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 《སྲོལ་ཡིག》ནང་དུས་རབས་གསར་པའི་ཉམས་འགྱུར་གསོན་ཉམས་ལྡན་པའི་ངང་མངོན་ལ། ཡང་སྒོས་སུ་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་པའང་མཚོན་ཡོད་ཅེས་བཤད།

“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པར་མི་རིགས་ཁག་གིས་མཉམ་གཏོད་མཉམ་སྐྲུན་བྱེད་དགོས་ལ། སྤྱི་ཚོགས་ཀྱི་མི་ཚང་མ་དང་། རིམ་པ་ཁག་དང་སྡེ་ཚན་ཁག ལས་ཁུངས་ཁག་གིས་ཀྱང་མཐུན་སྦྱོར་ངང་མཉམ་གཏོད་བྱས་ནས་མི་སེམས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་དགོས”ཞེས་དབྱིན་ཧའེ་གཡན་གྱིས་བཤད་པ་དང་། ཁོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་ཡུན་རིང་པོའི་རྙོག་འཛིང་ཆེ་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་དང་། ལོ་བརྒྱའི་འདུ་འགོད་ཅིག་ཀྱང་ཡིན་པས། དུས་ཡུན་རིང་པོའི་སྤྱི་ཚོགས་ཀྱི་འདུ་འགོད་དེ་ལག་བསྟར་བྱེད་རིང་། ཏང་གི་འགོ་ཁྲིད་འོག རིམ་ཁག་སྲིད་གཞུང་གིས་འགན་འཁུར་བ་དང་། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཞུགས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ལ། ལྷག་པར་དུ་གཞི་རིམ་གྱི་མང་ཚོགས་དང་གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་སྐོང་འཐེན་གང་ལེགས་ཀྱང་བྱེད་དགོས་ཞེས་བཤད།

“གཞན་ཡང《སྲོལ་ཡིག》ནང་ད་དུང་མི་རིགས་མཐུན་སྒྲིལ་ཁྲིམས་སྐྱོང་ཅན་གྱི་འཕེལ་ཕྱོགས་ཤིག་མངོན་ཡོད། མི་རིགས་མཐུན་སྒྲིལ་ནི་བཅའ་ཁྲིམས་ཀྱི་རྩ་དོན་ཞིག་ཡིན་ལ། ཆབ་སྲིད་ཀྱི་དམིགས་ཚད་ཅིག་ཀྱང་ཡིན་པས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཆ་ལག་ཚང་བའི་མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་མ་ལག་ཅིག་བཙུགས་ནས། བཅའ་ཁྲིམས་ལ་བརྟེན་ཏེ། མི་རིགས་མཐུན་སྒྲིལ་འགན་ལེན་བྱེད་དགོས”ཞེས་དབྱིན་ཧའེ་གཡན་གྱིས་བཤད་པ་དང་། ཁོང་གིས་2012ལོར་ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་གི་ལག་བསྟར་ཞིབ་སྲོལ》བཏོན་པ་ནས་འདི་ལོའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བའི་བར་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དང་། བོད་ས་གནས་ཀྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་དང་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་ཚེ་དབང་ལྷ་མོས་ཞུས)