《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

པར་རིས་གསར་འགྱུར།

དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་ཕུལ་བྱུང་གི་ལས་བྱེད་པ་འདེམས་གཏོང་ཧུར་ཐག་བྱས་ཤིང་། ཁོང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་དོན་དག་དང་སེམས་ཁྲལ་ཆེ་བའི་དོན་དག་ཐག་གཅོད་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཏང་ཡོན་ལས་བྱེད་པས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མང་ཚོགས་དེ་བས་མང་བ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།

འདི་ནི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་ལས་བྱེད་པས་ཐོན་ཕུ་གྲོང་ཚོའི་འཚེམ་བཟོའི་མཉམ་ལས་ཁང་གི་དཀའ་ངལ་དང་ཕྱིར་ཚོང་གི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།