《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

དུས་བཟང་ཆུད་ཟོས་སུ་མ་བཏང་བར་ལས་འགོ་བསྐྱར་འཛུགས་ལ་བྲེལ།

ལྷ་སའི་གཙང་འགྲམ་ལམ་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི་ལས་འགོ་བསྐྱར་འཛུགས་ཀྱི་རྣམ་གྲངས་སྔ་ཤོས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་རིམས་འགོག་གི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག མིག་སྔར། ཨར་སྐྲུན་འཕྲུལ་འཁོར་200ལྷག་ཙམ་དང་ལས་མི་600ལྷག་ཙམ་གྱིས་བྲེལ་བརྩོན་ཆེན་པོས་་ལས་ཀ་བྱེད་བཞིན་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས། ལྷ་སའི་ཤར་ནུབ་ཕྱོགས་ཀྱི་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་ནུས་ལྡན་འགྲོ་རྒྱུ་དང་གྲོང་ཁྱེར་མ་ལམ་གྱི་གྲུབ་ཆ་ལེགས་སུ་འགྲོ་རྒྱུ་མ་ཟད། སྐྱིད་ཆུའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལྟེ་བའི་ཁུལ་ཕྱོགས་ཡོངས་སྲུང་སྐྱོང་དང་། ལུགས་མཐུན་གསར་སྤེལ་དང་བེད་སྤྱོད། སྐྱིད་ཆུའི་རྒྱུད་ཀྱི་ཁྱད་ལྡན་མཛེས་ལྗོངས་ཀྱི་བྱེད་ནུས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། འདི་ནི་ལྷ་སའི་གཙང་འགྲམ་ལམ་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་ཡིན་པ།