《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

ལོ་ལེགས་འབྲས་བཟང་སྨིན་ པའི་འཛུམ་མདངས།

བརྔ་བསྡུའི་འཕྲུལ་འཁོར་གྱི་སྒྲ་གང་སར་གྲགས་པ་དང་ཐོན་འབབ་ཀྱི་དགའ་སྤྲོ་ས་གཞི་ཆེ་མོར་ཁྱབ་ཡོད།

ཟླ་6ཚེས་11ཉིན་ཧོ་ནན་གྱི་གྲོ་བརྔ་བསྡུའི་ལས་ཀ་སྤྱིར་ན་ལེགས་སྒྲུབ་ཟིན་པ་དང་མུའུ་ཁྲི་8500ལྷག་ཙམ་ཡོད་པའི་གྲོ་རྡོག་མཛོད་བཅུག་བྱས་ཡོད། “ཉེན་ཁ་དང་འགྲན་སློང་ཅི་ཙམ་འཕྲད་སྐབས་དེ་ཙམ་གྱིས་ཞིང་ལས་བརྟན་པོ་ཡོང་བར་བྱེད་པ་དང་། དེ་ཙམ་གྱིས་འབྲུ་རིགས་དང་གཙོ་གནད་ཞོར་ཟས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས”རིམས་ནད་ཀྱི་ཚོད་བགམ་དང་གྲོའི་ནད་ཀྱི་གནོད་པ་དང་ཐན་པ་སོགས་ཀྱི་གནས་ཚུལ་གང་ཞིག་འཕྲད་རུང“ཀྲུང་ཡོན་འབྲུ་མཛོད”ཧོ་ནན་དུ་ལོ་ལེགས་འབྲས་བཟང་འཕྱུར་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ལ་འགན་འཁྲི་ལྕི་པོ་འཁུར་ཡོད།

འདི་ནི་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ཝན་ཁྲེང་ཆུས་ཤེ་དབྱིང་གྲོང་ཚོའི་འགྲམ་གྱི་ཚད་གཞི་མཐོ་བའི་ཞིང་ཁ་ཡིན་པ།