《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

ཅང་ཅེས་ལས་མི་བསྡུ་བའི་འདུ་ཚོགས་ཀྱི་ས་ཆ་དངོས་སུ་ཕེབས་ནས་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་ཟླ་6ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་རང་ལྗོངས་ཀྱིས“2020ལོའི་ཉིན་བརྒྱའི་ནང་སློབ་མ་ཁྲི་སྟོང་མང་པོ་དྲ་ཐོག་ལས་མི་བསྡུ་བའི་ཆེད་དོན་བྱ་སྤྱོད་དང་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ས་ཆ་དངོས་སུ་ལས་མི་བསྡུ་བའི་འདུ་ཚོགས་ཆེ་གྲས”གཉེར་བ་དེ་ནི་འདི་ལོ་རང་ལྗོངས་ཀྱིས་གཉེར་བའི་དུས་ཐེངས་དང་པོའི་དྲ་ཐོག་དང་དྲ་ཕྱིར་དུས་མཚུངས་སུ་སྤེལ་བའི་ས་ཆ་དངོས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ཆེ་གྲས་ཤིག་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལས་མི་བསྡུ་བའི་འདུ་ཚོགས་ཀྱི་ས་ཆ་དངོས་སུ་ཕེབས་ནས་མཛུབ་ཁྲིད་གནང་བ་རེད།

ཅང་ཅེས་ལས་ཀ་འཚོལ་མཁན་དང་ཁེ་ལས་དབར་སྤེལ་རེས་བྱས་པ་ལས་ང་ཚོས་མཐོ་སློབ་སློབ་ཐོན་སློབ་མ་མང་པོ་ཞིག་གི་ལས་ཞུགས་ཀྱི་འདུ་ཤེས་དེ་གཞུང་ལས་པའི་ལས་གནས་གཙོ་བོར་འཛིན་པ་ནས་ཁྲོམ་རར་ལས་ཞུགས་བྱེད་པའི་བར་འགྱུར་ལྡོག་སོང་བ་མཐོང་ཐུབ། དེ་ཐོག་ནས་སྣ་མང་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་མཚོན་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་མིག་སྔའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་འཚོལ་དགོས་མཁོ་ཆེ་བའི་དུས་སྐབས་ལ་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཐོག་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།