《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

ས་མཐོར་ལན་མའེ་འདེབས་པར་བྲེལ།

འདི་ནི་རྡོ་ཕུག་གྲོང་ཚོའི་ལས་མིས་ལན་མའེ་རྟེན་གཞིར་ཉེ་དུས་བཏབ་མ་ཐག་པའི་ལན་མེར་གཡོག་བྱེད་བྱེད་བཞིན་པ།

ལན་མའེ་རྟེན་གཞིར་ཉིང་ཁྲི་ཧུའུ་ཧྲེང་སྣོད་བཅུད་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་དབྱི་ཧུང(གཡོན)གྱིས་རྡོ་ཕུག་གྲོང་ཚོའི་ལས་མི་དབྱངས་ཅན་ལ་ཡལ་གཅོད་རྒྱག་སྟངས་སློབ་བཞིན་པ།

2017ལོར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་རྡོ་ཕུག་གྲོང་ཚོའི་ལན་མའེ་རྟེན་གཞི་བཙུགས་ཚུན། རྟེན་གཞིས“སྲིད་གཞུང+ཀུང་སི+གྲོང་ཚོའི་མཉམ་སྡེབ”ཀྱི་གཉེར་སྐྱོང་བྱེད་ཐབས་སྤྱད་པ་དང་། ད་ཆ་ལན་མའེ་མུའུ་300ལྷག་ཙམ་བཏབ་ཡོད། རྡོ་ཕུག་གྲོང་ཚོའི་དུད་ཚང་45ཡི་ཞིང་འབྲོག་པའི་ཁྱིམ་ཚང་ལ་རྟེན་གཞི་འཛུགས་སྐྲུན་དང་། ས་ཞིང་མ་རྐང་ནང་ཞུགས་པ། ཁེ་བཟང་བགོ་བཤའ། ཐག་ཉེ་སར་ལས་ཞུགས་སོགས་བྱས་པ་ལས་འབབ་འཕར་བྱུང་ཡོད།