《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

ལྷ་ས་གྲོང་ཁྱེར་གྱི་འཐབ་ནུས་གསར་པའི་ཡུལ་དམག་ཡན་ལག་རུ་ཁག་དངོས་སུ་བཙུགས་པ།

ཆེ་དགྲ་ལྷས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་15ཉིན། ལྷ་ས་གྲོང་ཁྱེར་གྱི་འཐབ་ནུས་གསར་པའི་ཡུལ་དམག་ཡན་ལག་རུ་ཁག་དངོས་སུ་བཙུགས་པ་དེའི་དམིགས་ཡུལ་ནི་ནུས་ཆེའི་དམག་དམངས་མཉམ་འབྲེལ་གཏིང་ཟབ་ཏུ་བཏང་ནས་ལྗོངས་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་ལས་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་དབང་ཧའེ་ཅང་གིས་དར་ཆ་སྤྲད་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཕེབས་པ། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ངག་དབང་བསོད་ནམས་ཀྱིས་གཙོ་སྐྱོང་གནང་བ་རེད།

དར་ཆ་སྤྲོད་པའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི》སྒྲའི་ཁྲོད་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དམག་དཔུང་དང་ས་གནས་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་པའི་འོག་རང་ལྗོངས་ཀྱིས་མཐོ་གསར་ཁེ་ལས་དང་། ཆེད་ལས་དཔུང་ཁག དམངས་ཁྲོད་སྟོབས་ཤུགས་བཅས་ཀྱི་མི་སྣའི་སྒྲིག་ཆས་ཐོན་ཁུངས་ཀྱི་ལེགས་ཆ་དམིགས་སར་བྱས་ནས། གངས་རྒོད་མཁའ་དབྱིངས་སྐོར་གཡེང་རུ་ཁག་དང་། གངས་དཀར་ཕུག་རོན་གླེང་སྣེའི་འཕྲིན་གཏོང་རུ་ཁག

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གངས་ལྗོངས་སྤྱང་ཀི་མཐར་ཐུག་རི་འཛེག་རུ་ཁག གངས་ལྗོངས་ཝ་མོའི་རི་མཐོའི་མྱུར་རྒོལ་རུ་ཁག གངས་ཁྱིའི་ས་མཐོའི་འགོག་རྒོལ་རུ་ཁག་བཅས་འཐབ་ནུས་གསར་པའི་ཡུལ་དམག་རུ་ཁག་5བཙུགས་ཡོད། འཐབ་ནུས་གསར་པའི་ཡུལ་དམག“རུ་ཁག་ལྔ”བཙུགས་པ་དེས་རང་ལྗོངས་ཀྱི་རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་ཀྱི་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད།

ཆེ་དགྲ་ལྷས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གིས་དྲག་ཆས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དམག་དཔུང་དང་ས་གནས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། འཐབ་ནུས་གསར་པའི་ཡུལ་དམག་ཡན་ལག་རུ་ཁག་གི་དཔེ་སྟོན་དང་ཕབ་རྩིའི་ནུས་པ་འདོན་སྤེལ་བྱེད་པ། ཡུལ་དམག་དཔུང་ཁག་ཡག་པོ་འཛུགས་པ་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ལས་འགན་ལ་དགོས་མཁོ་ཡོད་པ་དང་། ས་གནས་ལ་ཐོན་ཁུངས་ཡོད་པ། སྐུལ་སློང་བྱེད་ནུས་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ལག་ལེན་བསྟར་མཁན་དང་། བདག་དབང་སྲུང་སྐྱོང་བྱེད་པའི་རུ་སྣེ་ཁྲིད་མཁན། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གྲུ་ནང་གནོན་རྡོ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བའི་ལས་དོན་རུ་ཁག་བཅས་དངོས་འབྲེལ་ཡག་པོ་བྱེད་དགོས།

(ཉི་དོན་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)