《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་དང་བཞུགས་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་དང་2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་ལ་ལས་ཡུལ་དངོས་སུ་སྐུལ་སྤེལ་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ཟབ་ཏུ་གཏོང་བའི་ཚོགས་འདུའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ། 《〈རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་གཏན་འབེབས〉སྙན་འབུལ་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་དགོངས་སྐོར》དང《〈ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི〉ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བྱེད་ཐབས་འགའ་ཞིག》གི་དགོངས་སྐོར་ལ་ཞིབ་འཇུག་བྱས་པ་བཅས་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཏན་ཏིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་ཁག་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་དགོས། གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། ནང་མཁོར་སྐུལ་འདེད་གཏོང་རྒྱུར་དམིགས་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ངོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་པགས་པ་དང་བལ་སྤུ་ཐོན་སྐྱེད་སོགས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་བསམ་གཞིག་ནན་ཏན་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འབོར་ཚད་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། ལས་ཞུགས་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་སློབ་མ་དང་ཁྱིམ་བདག་གི་ལས་ཞུགས་གཞན་སྒྱུར་གྱི་འདུ་ཤེས་ལ་རྒྱུན་སྲིང་སྐུལ་འདེད་གཏོང་བ་དང་མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། གཉིས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་ནས་ཁ་མི་བྲལ་བ་དང་སྒྲུབ་ནུས་པ་དང་སྒྲུབ་ཤེས་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཞིང་འབྲོག་པར་ཐབས་ཤེས་དང་ཇུས་འདོན་རོགས་བྱས་ནས་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་སྐུལ་གཏོང་། ལས་ཞུགས་སྔོན་སྒྲུབ། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་སོགས་ཀྱི་ལས་དོན་རྒྱུན་སྲིང་ངང་དམ་འཛིན་བྱས་ཐོག་ས་ཞིང་བརྒྱུད་བཤུག་སོགས་བྱེད་སྟངས་བརྒྱུད་ཡུལ་དེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་སྟེ་བྱ་བ་བཟང་པོ་དངོས་སུ་སྒྲུབ་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས་པ་དང་། ལྟོ་གོས་ཀྱི་གནད་དོན་དང་བསམ་བློའི་གནད་དོན་དང་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཏན་ཏིག་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང་ཞུས་ཏེ་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པ”སོགས་ཀྱི་སློབ་གསོའི་བྱེད་སྒོའི་དམིགས་སའི་རང་བཞིན་སྔར་བས་ཟབ་ཏུ་བཏང་ནས་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བར་སེམས་ནུས་གཙོ་བོ་འདོན་པ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ། གསུམ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་སྙིང་རུས་གཏན་འཁྱོངས་དང་ཤུགས་སྣོན་ཆད་མེད་ངང་དེ་བས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་ཤུགས་ཆེན་བྱེད་པ་དང་། གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ་བྱ་རྒྱུ་རྒྱུན་སྲིང་སྲ་བརྟན་བཏང་ནས་བྱ་བ་གཅིག་སྒྲུབ་པ་དང་གྲུབ་འབྲས་གཅིག་ཐོབ་པའི་འགན་ལེན་བྱས་ཐོག་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ། བཞི་ནས་དམངས་འཚོ་ལེགས་སུ་གཏོང་བའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་དངོས་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱེད་དགོས་ལ་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་དགོས་པའང་གསལ་པོ་བཤད་དེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་པ། ལྔ་ནས་མི་རིགས་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ཟུག་པ་བྱེད་དགོས་པ། དྲུག་ནས་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས“ཁྲིད་སྟོན”ཐད་རྒྱུན་སྲིང་ངང་ཤུགས་རྒྱག་པ་དང་བརྩེ་སེམས་འཆང་བ་དང་གནས་ལུགས་ལ་བརྟེན་ནས་སྲིད་ཇུས་ཁག་འགྲེལ་བཤད་རྒྱག་པའི་ལས་དོན་སྤེལ་ཐོག་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། བདུན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་ཆེན་བརྒྱབ་ནས་དམངས་དོན་ཁྲིམས་གཞུང་གི་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་གམ་དུ་འཁྱོལ་བ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས་པ། བརྒྱད་ནས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཕུགས་བསམ་དད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ངོ་རྒོལ་དང་ཁྱད་བསད་བྱེད་པ། སྤྱོད་བཟང་སྒྲིག་ནན་གྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་ལས་གཏོད་ཁོར་ཡུག་གཏོད་དགོས་པ་བཅས་རེད།

ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་ཀྱི་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་དང་བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཡུལ་དངོས་སུ་སྐུལ་སྤེལ་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ཟབ་ཏུ་གཏོང་བའི་ཚོགས་འདུ་འཚོགས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་། སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་སོགས་པུའུ་ཨུད་ཀྱིས་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་སྐྱོར་དབུལ་སྐྱོར་གོ་སྐབས་སུ་བྱས་ཏེ་ལས་དོན་གྱི་གཙོ་གནད་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་བསམ་བློར་སྔར་བས་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་བྱེད་པ་དང་། ཕུགས་ལ་དམིགས་པའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ། ས་གནས་དེ་གའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་ཞིང་འབྲོག་ལས་དང་། ནགས་ལས། ཆུ་བེད་སོགས་དབུལ་སྐྱོར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་དང་། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱེད་དགོས་པ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྡེབ་གཅིག་ཏུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་བསླབ་གཞི་ཡག་པོ་སྤྱོད་པ་དང་དབུལ་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་བཤད་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཐུབ་པ་བྱེད་དགོས།

ཚོགས་འདུའི་ཐོག《རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་གཏན་འབེབས》 དང《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》ལ་རྩ་དོན་ཐོག་ནས་མོས་མཐུན་བྱུང་ཡོད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སྲུང་སྐྱོང་གཉིས”ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་འབད་འཐབ་ཆེན་པོས་བཏོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་ཞུ་ལུགས་མཚོན་པར་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

(བསོད་བདེ་རྒན་པ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)