《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月15日

ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་ལས་རྗེས་དཔྱད་ཞིབ་གདེང་འཇོག་ལས་དོན་དང་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན། 2020ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་ལས་རྗེས་དཔྱད་ཞིབ་གདེང་འཇོག་ལས་དོན་དང་ཚོང་འགུགས་མ་འདྲེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་དང་། འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཛུབ་ཁྲིད་དུ་བྱེད་པ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར(ས་ཁུལ)7གྱི་མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)དང་2020ལོའི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། དབང་ཧའེ་ཀྲོའུ། ཧྲེ་མོའུ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧུང་པོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས་ན་ནིང་ནས་བཟུང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་འཕར་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་487ཟིན་ཏེ་དཔལ་འབྱོར་རྒྱུན་མཐུད་བརྟན་ལ་མྱུར་བའི་ངང་འཕར་བའི་རྣམ་པ་འགན་ལེན་ཐུབ་ཡོད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་147ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་134བཏང་བ་དེ་དུས་མཚུངས་ལས་45%འཕར་ཡོད་ཅེས་གསུངས་པ་རེད།

ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འགག་རྩའི་ལྷུ་ཚིགས་སྟངས་འཛིན་ནན་པོ་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། རྣམ་གྲངས་གྲབས་གསོག་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལ་དམིགས་པ་དང་རྣམ་གྲངས་རིག་པས་ཁུངས་སྐྱེལ་དང་། གྲབས་གསོག གདམ་གསེས་བཅས་ཡག་པོ་བྱས་ཏེ“ཁག་གཅིག་གྲབས་གསོག་དང་། ཁག་གཅིག་གི་གན་རྒྱ་འཇོག་པ། ཁག་གཅིག་དོན་འཁྱོལ་བྱེད་པ། ཁག་གཅིག་ཐོན་སྐྱེད་བྱེད་འགོ་འཛུགས་པ”བཅས་ཡོང་བའི་བརྩོན་ལེན་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཀྱིས་ཚོང་འགུགས་བྱེད་པ་དང་གླིང་ཁུལ་གྱི་ཐོན་ལས་དང་ལེ་ལག་ཚང་བའི་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྲིད་ཇུས་ཞབས་ཞུ། ཐོན་ལས་མཉམ་འདྲེས་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས། ཁ་ཕྱོགས་གཏན་འཁེལ་གྱི་ཚོང་འགུགས་ལ་ཤུགས་སྣོན་དང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་བཅས་ལ་དམིགས་ཏེ། ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་ཀྲུང་དབྱང་ཁེ་ལས་དང་ས་གནས་ཀྱི་མཉམ་ལས་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་རྣམ་གྲངས་ལ་བརྟེན་ཏེ་ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་སྟེགས་སྣ་ཚོགས་ཧུར་ཐག་བསྐྲུན་ནས་ཚོང་འགུགས་ཀྱི་བྱེད་པོ་སྣ་མང་ཅན་དང་། བྱེད་ཐབས་སྣ་མང་ཅན། བྱ་ཡུལ་གནད་སྨིན་ཅན་བཅས་སུ་འགྱུར་གང་ཐུབ་བྱེད་དགོས། ཚོང་འགུགས་ཁོར་ཡུག་ལེགས་སུ་གཏོང་བ་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚོང་འགུགས་མ་འདྲེན་གྱི“མཐོ་ས”ཧུར་ཐག་གཏོད་དགོས། དམིགས་ཚད་ལས་འགན་ལ་དམིགས་ཏེ་ཚོང་འགུགས་མ་འདྲེན་གྱི་ལས་དོན་དེ“འགོ་ཁྲིད་གཙོ་བོའི་ལས་གྲྭར”བརྩིས་ཏེ། ལས་ཀའི་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རྗེས་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པ་བཅས་བྱས་ཏེ་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་ཡོད།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)