《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

པ་སྣམ་རྫོང་གིས་ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། པ་སྣམ་རྫོང་གིས་གནད་དོན་ཕྱོགས་སྟོན་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ལ་སྤྱི་འདོམས་བྱ་རྒྱུར་དམིགས་ཏེ་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་དང་། ནུས་ཤུགས་ཡོད་རྒུས་དམ་འཛིན་ཏན་ཏིག ལས་ཞུགས་གཞན་སྒྱུར་ལ་སྐུལ་སློང་བཅས་བྱས་ནས་ངལ་ནུས་དཔལ་འབྱོར་དེ་ཞིང་འབྲོག་པའི་ཡོང་འབབ་ཡོང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ཡོད།

ལས་ཞུགས་གཞན་སྒྱུར་གྱི“དཔོན་བཞིའི”ལས་ཀའི་ལམ་སྲོལ་མངོན་གསལ་དོད་དུ་བཏང་སྟེ་རྩ་འཛུཌ་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། པ་སྣམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་རྫོང་རིམ་པའི་ལས་འགན་ཁག་བགོས་འགོ་ཁྲིད་པ་1གིས་ཆེད་བསྐོས་འགན་འཁུར་བ་དང་། ཤང་དང་གྲོང་རྡལ་ཁག་གི་ཁོའོ་རིམ་པའི་ལས་བྱེད་པ་1གིས་ཞིབ་ཕྲའི་འགན་ཁུར་བ། གྲོང་ཚོ(གྲོང་ལྷན)ཁག་གི་གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་1གིས་ལས་ཞུགས་གཞན་སྒྱུར་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་བཅས་གཏན་འཁེལ་བྱས་ནས་རིམ་པ་བཞིན་སྐུལ་འདེད་དང་རིམ་པ་བཞིན་དོན་འཁྱོལ་གྱི་རྩ་འཛུགས་ཀྱི་ལས་ཀའི་མ་ལག་དང་འགན་འཁྲིའི་མ་ལག་དེ་བས་ཁ་གསལ་དུ་བཏང་ཡོད།(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

“1+11+N”གྱི་ངལ་ནུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཞུགས་གཞན་སྒྱུར་གྱི“བུ་རྫི་རྣམ་པའི”ཞབས་ཞུར་ཤུགས་སྣོན་བརྒྱབ་ཅིང་། ལས་ཞུགས་ལས་གཏོད་ཞབས་ཞུའི་ལམ་སྲོལ་ཞིབ་ཚགས་སུ་གཏོང་རྒྱུར་དམིགས་ཏེ་རྫོང་ལས་ཞུགས་གཞན་སྒྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་11གི་གཞི་རིམ་ཞབས་ཞུའི་ལས་སྟེགས་ཀྱིས་ཞིབ་ཕྲའི་དོན་འཁྱོལ་བྱེད་པ་དང་། གྲོང་ཚོ(གྲོང་ལྷན)ཡི་ངལ་ནུས་བར་ཁེ་བ་དང་། ངལ་རྩོལ་ནུས་ཤུགས། ཆེད་ལས་མཉམ་ལས་རྩ་འཛུགས་སོགས་ཁྲོམ་རའི་བྱེད་པོ་ལས་ཞུགས་ལས་སྟེགས་ཞབས་ཞུའི་མ་ལག་ནང་ཧུར་ཐག་ཞུགས་པ། རིམ་ཁག་སྲིད་གཞུང་དང་། ཨར་སྐྲུན་ཚན་པ། ངལ་ནུས་མངགས་གཏོང་ཀུང་སི། ངལ་ནུས་མཉམ་ལས་ཁང་། གྲོང་ཚོ(གྲོང་ལྷན)གྱི་ངལ་ནུས་བར་ཁེ་བ། ངལ་རྩོལ་ནུས་ཤུགས་དབར་བཅས་ཀྱི“ཕྱོགས་དྲུག་གཞི་གཅིག”གི་ངལ་ནུས་ཕྱིར་གཏོང་བྱེད་སྟངས་ཁྱབ་གདལ་གཏོང་བ། ངལ་རྩོལ་ནུས་ཤུགས་ལས་ཞུགས་དང་ལས་སྒུག་ཆ་འཕྲིན་དུས་ཐོག་ཏུ་བསྡོམས་རྩིས་བྱེད་པ། ལས་ཞུགས་སྲིད་ཇུས་དང་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་དང་དྲིལ་བསྒྲགས་བྱེད་པ། ངལ་ནུས་འབྲེལ་མཐུད་ཀྱི་སྦྲེལ་ཟམ་འཛུགས་པ་བཅས་བྱས་ཤིང་། ཟླ་5པའི་ཟླ་སྟོད་བར་ངལ་རྩོལ་ནུས་ཤུགས་མི་7231(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་མི་913)ལས་ཞུགས་གཞན་སྒྱུར་བྱས་པར་འབབ་འཕར་སྒོར་ཁྲི་4502བྱུང་ཡོད།

“ངལ་ལས་འབྲེལ་མཐུད་+”ཀྱི་རྣམ་པ་བཏོད་དེ་རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་ལ་ཤུགས་སྣོན་བརྒྱབ་ཅིང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་སྙོམས་སྒྲིག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལས་ཞུགས་བརྟན་པོར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རྫོང་ཕྱི་ནང་གི་ཐོན་ལས་གླིང་དང་། གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས། ཨར་སྐྲུན་ལས་རིགས་སོགས་ཞབས་ཞུའི་ལས་རིགས་ཀྱི་ངལ་ནུས་གཞི་རྟེན་དང་འབྲེལ་མཐུད་བྱེད་པ་དང་། ལས་ཞུགས་ལས་གནས་344(རྫོང་ནང་གི་ལས་གནས་324དང་རྫོང་ཕྱིའི་ལས་གནས་20)རྒྱ་སྐྱེད་དང་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་1637རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་དང་རྩ་འཛུགས་ཅན་གྱི་ངལ་ནུས་འབབ་འཕར་སྒོར་ཁྲི་1019ལྷག་ཙམ་བྱུང་ཡོད།

ལས་ཞུགས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་བྱེད་ཐབས་གསར་གཏོད་བྱས་ཏེ་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་ལས་ཞུགས་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“མི་གཅིག་གསོ་སྐྱོང་དང་། མི་གཅིག་ལས་ཞུགས། དུད་ཚང་གཅིག་བརྟན་ལྷིང”བཅས་དང“རང་ས་རང་ཡུལ་ནས་ཁ་བྲལ་མི་དགོས་པར་ལས་ཞུགས་ཐུབ་པའི”དམིགས་ཚད་གཞིར་བཟུང་། “མངགས་ཐོ་རྣམ་པའི་ལས་གནས་གཏན་འཁེལ”དང“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྕགས་རྩིབས་བཟོ་པ་དང་། བྱུག་རྫས་བཟོ་པ། ཁང་པ་མཛེས་བཟོ་བ། མ་བྱན། ལས་གཏོད་རྩལ་ནུས(SYB)སོགས་ཁྲོམ་རར་མཁོ་བའི་བཟོ་པའི་རིགས་ལ་དམིགས་ནས་སྤྱིར་བཏང་གི་གསོ་སྦྱོང་དང་། “མངགས་ཐོ་རྣམ་པའི”གསོ་སྦྱོང་། “ལས་ཀའི་ཁྲོད་གསོ་སྦྱོང”བཅས་ཀྱི་དུས་ཐེངས་4ཡི་མི་526(ལྗོངས་དང་གྲོང་ཁྱེར་རིམ་པའི་གསོ་སྦྱོང་ཚུད་མེད་པ)གི་གསོ་སྦྱོང་སྤྱི་འདོམས་ངང་སྤེལ་བས་ཐེམ་ཁུངས་པ་སྣམ་ནས་ཡིན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་མི་99ལ་ཡོངས་ཁྱབ་ཐུབ་ཡོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)