《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

དབུལ་སྒྲོལ་སྣེ་ཁྲིད་པས་ཡུལ་མི་ཚོ་ཕྱུག་པོའི་ལམ་དུ་འདྲེན་པ།

← 90ཡི་ནང་སྐྱེས་ཀྱི་མེའོ་རིགས་ན་གཞོན་ཝུའེ་ཅིན་ཧྲུའེ་ཡིས་རང་ཉིད་ལམ་བཟོ་བར་གྱུར་ནས་དབུལ་སྒྲོལ་བྱུང་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད།

2017ལོར་ཀུའེ་ཀྲོའུ་ཞིང་ཆེན་ཤར་ལྷོར་ཡོད་པའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཡི་ཚུང་ཅང་རྫོང་ཅ་མན་ཤང་གི་དུད་ཚང་དབུལ་པོའི་ཝུའེ་ཅིན་ཧྲུའེ་འོས་སྦྱོར་བྱས་པ་བརྒྱུད། ཀུའེ་ཀྲོའུ་ལམ་ཟམ་ཚོགས་པས་སྐྲུན་འགན་འཁུར་བའི་ཚུང་ཅང་རྫོང་ཅ་མན་ཤང་ནས་ཅ་ཅིའུ་བར་གྱི་རིམ་གསུམ་ལམ་བུའི་རྒྱས་བསྐྲུན་བསྐྱར་སྐྲུན་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས། ལོ་དེའི་ཟླ་7པར་ཀུའེ་ཀྲོའུ་ལམ་ཟམ་ཚོགས་པའི་སྣེ་ཁྲིད་འོག་ཝུའེ་ཅིན་ཧྲུའེ་ཡིས་ཕ་ཡུལ་གཅིག་པའི་དུད་ཚང་དབུལ་པོ་སྐུལ་སློང་བྱས་ཏེ་ངལ་ནུས་ཨར་རྒྱག་ཚོགས་ཆུང་ཞིག་སྒྲིག་འཛུགས་བྱས་ནས་རྒྱས་བསྐྲུན་བསྐྱར་སྐྲུན་གྱི་ལས་གྲྭའི་ནང་ཞུགས། ཨར་རྒྱག་ཚོགས་ཆུང་དེ་དང་ཐོག་འཛུགས་སྐབས་ཀྱི་མི་7ནས་ད་ཆ་མང་ཤོས་ལ་མི་20ལྷག་ཙམ་ཡོད། ཝུའེ་ཅིན་ཧྲུའེ་དུས་དེ་ནས་བཟུང“སྣེ་ཁྲིད་པར”གྱུར་པ་དང་དཀའ་ངལ་ཡོད་པའི་ལས་མི་དབུལ་པོ་19བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་རེད།

2019ལོའི་ཟླ་3པར་ཝུའེ་ཅིན་ཧྲུའེ་ཡིས་ངལ་ནུས་ཨར་རྒྱག་ཚོགས་ཆུང་སྣེ་ཁྲིད་ནས་ས་ཁོངས་སྒྲོལ་ཏེ་ཨར་རྒྱག་བྱེད་འགོ་ཚུགས་པ་དང་མིག་སྔར་ཚོགས་ཆུང་དེ་ལན་ཀྲོའུ་ནས་ཧའེ་ནན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨར་རྒྱག་རྣམ་གྲངས་ནང་ཞུགས་ནས་མི་30ལྷག་ཙམ་ལས་ཞུགས་ཐུབ་ཅིང་།

འདི་ནི་ཝུའེ་ཅིན་ཧྲུའེ་ཡིས་ལན་ཀྲོའུ་ནས་ཧའེ་ནན་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་T12དུམ་བུའི་ལས་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་བྱེད་བཞིན་པ།