《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

ལག་པ་ཡ་གཅིག་ལས་མེད་པའི་ལོ་ཆུང་བྱིས་པའི་ལན་ཆིའུ་སྤོ་ལོའི་ཕུགས་འདུན།

↑ 2006ལོར་སྐྱེས་པའི་ཀྲང་ཅ་ཁྲེང་ནི་ཀོང་ཏུང་ཞིང་ཆེན་ཡུན་ཧྥུའུ་གྲོང་ཁྱེར་ཡུན་ཨན་ཆུས་ཀའོ་ཚུན་གྲོང་རྡལ་སློབ་འབྲིང་དམའ་རིམ་ལོ་རིམ་དང་པོའི་སློབ་མ་ཡིན་པ་དང་། 2010ལོར་སྟབས་མི་ལེགས་པ་ཞིག་ལ་གོད་ཆག་བྱུང་ནས་ཁོ་བོའི་ལག་པ་གཡས་པ་ཤོར། འོན་ཀྱང་དཀའ་ངལ་ཇི་ཙམ་འཕྲད་ཀྱང་རང་ཉིད་བློས་གཏོང་མེད།

2018ལོར་ཀའོ་ཚུན་གྲོང་རྡལ་སྲིད་གཞུང་གིས་རིན་མེད་ངང་དབྱར་གསེང་གི་ལོ་ཆུང་བྱིས་པའི་ལན་ཆིའུ་སྤོ་ལོའི་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། དེ་ནས་བཟུང་ཀྲང་ཅ་ཁྲེང་གིས་ལན་ཆིའུ་སྤོ་ལོ་སྦྱོང་འགོ་ཚུགས། ལན་ཆིའུ་སྤོ་ལོའི་ལུས་རྩལ་རྒྱུས་མངའ་ལོན་རྗེས་རང་ཉིད་ལན་ཆིའུ་སྤོ་ལོ་རྒྱག་མཁན་རྩེ་གྲ་ཞིག་ཏུ་འགྱུར་རྒྱུའི་ཕུགས་བསམ་བཅངས། ཕུགས་བསམ་དེ་བསྒྲུབ་ཆེད་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་སློབ་གྲྭའི་ལུས་རྩལ་ཐང་དུ་སྤོ་ལོ་རྒྱག་པ་དང་། སློབ་གྲྭ་གྲོལ་རྗེས་ཁྱིམ་དུ་ལོག་ནས་གུ་དོག་པའི་ཁང་པའི་ནང་དུ་སྤོ་ལོ་རྒྱག་སྟངས་སྦྱོང་གི་ཡོད། ཁོ་བོས་སྤོ་ལོ་རྒྱག་པའི་བརྙན་ལམ་ལ། མི་མང་པོའི་དགའ་བསུ་དང་ལྕག་སྐུལ་ཐོབ་ཡོད། དོ་ཁུར་བྱེད་མཁན་མང་པོའི་མདུན་དུ་ཀྲང་ཅ་ཁྲེང་གིས་རྨང་གཞིའི་རྩལ་ནུས་སྦྱངས་ནས་སྤོ་ལོ་ཡག་པོ་བརྒྱབ་སྟེ་མ་འོངས་ཉིན་ཞིག་ལས་རིགས་སྤོ་ལོ་རྒྱག་སར་སྤོ་ལོ་ཡག་པོ་རྒྱག་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད། འདི་ནི་ཀྲང་ཅ་ཁྲེང(གཡོན)གིས་ཞོགས་པའི་སློབ་ཚན་མ་འཚོག་གོང་ལུས་རྩལ་ཐང་དུ་སློབ་གྲོགས་དང་མཉམ་དུ་སྤོ་ལོ་རྒྱག་བཞིན་པ།