《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

༄༅།།མཚར་གཏམ་མཐོང་བ་འཛུམ་ཤོར།

བརྗོད་པ་བཟོ་བ།

བོད་ཡིག་སློབ་ཚན་སྐབས་རྒན་ལགས་ཀྱིས་ཚེ་རིང་ལ་འབུལ་རྟེན་ཞེས་པར་བརྗོད་པ་བཟོས་ཤིག་གསུངས། ཚེ་རིང་གིས་ངའི་པཱ་ལགས་ཀོ་ཁུག་ཆེན་མོ་དེ་འཁྱེར་ནས་ཕྱི་ལ་དོན་དག་སྒྲུབ་པར་ཕྱིན་སོང་ཞེས་བྲིས། རྒན་ལགས་ཀྱིས་ཚེ་རིང་ལ་འབུལ་རྟེན་ཞེས་པའི་ཡིག་འབྲུ་གཉིས་པོ་གང་དུ་ཡོད་བྱས་པས། ཚེ་རིང་གིས་འབུལ་རྟེན་དེ་ཀོ་ཁུག་ཆེན་པོ་དེའི་ནང་ཡོད་ཟེར།

རྐང་ཤུབས།

དོན་གྲུབ་ནི་བསྟན་བཤིག་ཚ་བའི་མི་ཞིག་རེད། དེ་རིང་ཞོགས་པ་ཁོས་རྐང་ཤུབས་གྱོན་རྒྱུ་བརྗེད་ནས་ཕྱི་ལ་ཐོན། ཁྲོམ་སྲང་བརྒྱུད་ནས་འགྲོ་དུས། ཁྱི་རྒན་ཞིག་གིས་ཁོའི་རྐང་པར་རྨུག་ནས་ཁྲག་ཐིགས་འགའ་འཛར་ཡོང་། འོན་ཀྱང་དོན་གྲུབ་ཀྱིས་སྣང་བ་སྤུ་ཙམ་མེད་པར། སྟབས་ཡག་པ་ཞིག་ལ་དེ་རིང་ཞོགས་པ་ངས་རྐང་ཤུབས་གྱོན་མི་འདུག་ཅེས་བཤད།