《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

༄༅།།གནད་དོན་འཕྲད་སྐབས་ཞིབ་པར་བརྟག་དགོས། དོན་ཆེན་འཕྲད་སྐབས་དེ་བས་ཞིབ་པར་བརྟག་དགོས།

བླུན་པོ་རྣམས་སྡུག་བསྔལ་གྱི་གནས་སུ་ལྷུང་བ་ནི། སྤྱིར་ན་མནོ་བསམ་མི་འདང་བའི་སྟབས་ཀྱིས་རེད། ཁོ་ཚོས་བྱ་དངོས་ལ་ངོས་འཛིན་ཕྱོགས་རེ་ཙམ་ལས་མི་ཐུབ། ཐོབ་ཤོར་གྱི་གལ་ཆེའི་རང་བཞིན་མི་རྟོགས་པའི་དབང་གིས་དེའི་ཕྱིར་བསམ་གཞིག་ཧུར་ཐག་བྱེད་པར་མི་འདོད། མི་ལ་ལས་བསམ་གཞིག་བྱས་ནའང་བདེན་རྫུན་གོ་ཟློག་སྟེ་དོན་ཆེན་སྣང་མེད་དུ་བཏང་ནས་དོན་ཆུང་དོན་ཆེན་ལ་བརྩིའོ། ལ་ལ་ནི་རྣམ་དཔྱོད་བརླག་དོགས་ཡེ་མེད་དེ། གང་ལཌ་ཤེ་ན། ཁོ་ཚོར་རྣམ་དཔྱོད་རྩ་བ་ནས་མི་ལྡན་པས་སོ། ང་ཚོས་གནད་དོན་འགའ་ཤས་ལ་ཞིབ་ལྟ་དང་ནང་སེམས་སུ་རི་མོར་བརྐོས་དགོས། མཁས་པས་བྱ་བ་སྤྱི་ལ་མནོ་བསམ་བཏང་ནའང་གཙོ་ཕལ་གྱི་དབྱེ་བ་ཡོད། དེ་བས་ཁོ་ཚོས་ཆེས་དཀའ་ཚེགས་ཀྱི་ཟབ་དོན་ལ་སྣང་འཇོག་བྱས་ཏེ་ནམ་ཡིན་ཡང་རང་ཉིད་ཀྱི་བསམ་བློ་གཏོང་རྒྱུ་མ་འདང་དོགས་བྱེད་དོ། དེ་ལྟར་བྱས་རྐྱེན་མཁས་པས་བསམ་བློ་གཏོང་བའི་དོན་དེ་མཁས་པ་རང་ཉིད་ཀྱིས་ཤེས་རྟོགས་ཐུབ་པ་དེ་ཡིན་པ་གདོན་མི་ཟ། 《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ལས་དྲངས།