《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

ཐེ་ལན་གྱི“འཕྲུལ་མིའི་ཁྱིམ”གྱི་ལྕགས་རིགས་ རྙིང་པར་གསོན་ཤུགས་གསར་པ་རྒྱས་པ།

← ཐེ་ལན་གྱི་ཧུང་ཐུང་གཟིམ་ཤག་གི“འཕྲུལ་མིའི་ཁྱིམ”ནི་2000ལོར་བཙུགས་པ་དང་། གནས་དེར་ལྕགས་རིགས་རྙིང་པ་ལས་བཟོས་པའི་འཕྲུལ་མི་དང་། རླངས་འཁོར། སྦག་སྦག འཇིག་རྟེན་འཕུར་གྲུ། སྲོག་ཆགས། ཁྱིམ་ཆས་སོགས་སྣ་ཚོགས་མཐོང་རྒྱུ་ཡོད། “འཕྲུལ་མིའི་ཁྱིམ”གྱི་སྒྱུ་རྩལ་པ་ཚོས་རང་ཉིད་ཀྱི་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ལྕགས་རིགས་རྙིང་པར་བཀྲག་མདངས་འཚེར་བ་བྱེད་པ་དང་ཁོང་ཚོས་བྱེད་ཐབས་དེ་རིགས་བརྒྱུད་ཐེ་ལན་བའི་གསར་གཏོད་ནུས་པ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་འཆང་ཡོད་ཅིང་། འདི་ནི་ཐེ་ལན་དབུས་རྒྱུད་དུ་གནས་པའི་ཧུང་ཐུང་གཟིམ་ཤག་གི“འཕྲུལ་མིའི་ཁྱིམ”ནས་པར་དུ་བླངས་པའི་འགྲེམས་སྟོན་དངོས་རྫས་ཡིན་པ།