《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

མང་ཚོགས་གང་དུ་ཡོད་ན། དེ་གར་སྒྲོག་འགྲེལ་ཡག་པོ་བྱེད།

གསུམ་མདོ་གྲོང་ཚོར་སྐལ་ཉི་དང་ཐུག་འཕྲད་ཐོག་མར་བྱུང་སྐབས། ཁོང་ཡུལ་མི་དང་མཉམ་དུ་ལྕགས་ཐབ་འགྲམ་དུ་བསྡད་ནས་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་འདུག

གླེང་མོལ་བྱེད་རིང་། སྐལ་ཉིས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དང་། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་གྱི་སྲིད་ཇུས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན”བཅས་མི་སེར་ཚོ་གོ་བདེའི་སྐད་ཆའི་ཐོག་ནས་དེ་གར་བསྡད་པའི་མི་ཚང་མར་སྒྲོག་འགྲེལ་བྱས།

སྐལ་ཉི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་གསུམ་མདོ་གྲོང་ཚོའི་རྩ་འཛུགས་ཨུ་ཡོན་ཡིན་ལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་ཞིག་ཀྱང་ཡིན་ཞིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ཁོང་གིས་ཉམས་ལེན་འབད་སྒྲུབ་དང་ཧུར་བརྩོན་ཆེན་པོས་ཉིན་ལྟར་མང་ཚོགས་ཁྲོད་དུ་བསྐྱོད་དེ་གོ་བདེ་ཤེས་སླའི་བྱ་ཐབས་ཀྱི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་འབྲོག་པའི་སྦྲ་གུར་དུ་སྒྲོག་འགྲེལ་བྱས་ཡོད།

མང་ཚོགས་དང་། དགེ་འདུན་པ། ཕྱི་ནས་ཡོང་བའི་གླ་པ་རྒྱུག་མཁན་སོགས་སྒྲོག་འགྲེལ་བྱེད་ཡུལ་མི་འདྲ་བར་ཕྱོགས་སྐབས། སྐལ་ཉིས་རིགས་དབྱེ་སློབ་གསོ་སྤེལ་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དྲིལ་བསྒྲགས་ཇུས་གཞི་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐད་འཕྲིན་ཚོགས་པ་འཛུགས་པ། ཚོགས་པའི་ནང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ནང་དོན་དུས་བཀག་ལྟར་བསྐུར་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ནང་དོན་ལ་གོ་བ་ཡག་པོ་ལེན་ཐུབ་མེད་པའི་ཏང་ཡོན་ལ་གཅིག་གཏད་གཅིག་གི་ཟུར་ཁྲིད་མཐའ་འཁྱོངས་བཅས་བྱས་ཡོད།

ལོ་ལྟར་ཞིང་བྲེལ་དུས་ཚིགས་འཆར་རིམ་བཞིན། ཁོང་གིས་སྦག་སྦག་བཞོན་ནས་ལ་ཀླུང་མང་པོ་བརྒྱབ་སྟེ་ཞིང་འབྲོག་པའི་དུད་ཚང་དུ་སྒྲོག་འགྲེལ་ལ་སྐྱོད་ཀྱི་ཡོད། འབྲོག་པ་ཕར་འགྲོ་ཚུར་འོང་བྱེད་མང་བ་དང་སྡོད་གནས་ཁ་ཐོར་ཡིན་པས་སྐལ་ཉི་རྟག་ཏུ་ཐལ་བ་འཚུབ་འཚུབ་ངང་སྡོད་གནས་ཁག་དབར་ཕར་འགྲོ་ཚུར་འོང་བྱེད་དགོས་མོད། འོན་ཀྱང་ཁོང་གིས་དཀའ་ལས་ཁག་པོ་འདུག་ཅེས་ཚིག་གཅིག་ཀྱང་བརྗོད་མྱོང་མེད་པར། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དང་དམངས་ཕན་གྱི་སྲིད་ཇུས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཡོད།

རྒྱུན་ཆད་མེད་པར་སློབ་སྦྱོང་དང་ཉམས་མྱོང་གསོག་འཇོག་བྱེད་པའི་བརྒྱུད་རིམ་ནང་། སྐལ་ཉིས་སྟབས་བདེ་ལ་སྤྱོད་གོ་ཆོད་པའི་སྒྲོག་འགྲེལ་བྱེད་སྟངས་ཤིག་ཕྱོགས་སྡོམ་བྱས་ཡོད་ཅིང་། ཁོང་གིས་མང་ཚོགས་ཀྱིས་སེམས་ཁུར་དང་གླེང་མང་བའི་དོན་དག་དང་ཉེ་འགྲམ་གྱི་བྱ་བ་དཔེར་དྲངས་པ་དང་འབྲེལ། གྲོང་ཚོའི་ཁོར་ཡུག་གི་འགྱུར་ལྡོག་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་དེ་བཞིན་བོད་གསར་རྙིང་བསྡུར་བ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་གྱིས་མི་སེར་ལ་གུང་ཁྲན་ཏང་མེད་ན་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་མེད་པ་ཤེས་སུ་བཅུག་པ་དང་། ཡུལ་མི་ཚོས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཐུབ་པ་བྱས་ཡོད།

“སྣང་ཆེན་བཞི་དང་དགའ་ཞེན་བཞི”མང་ཚོགས་ཀྱི་སེམས་སུ་ཟུག་པ་དང་མང་ཚོགས་ཀྱིས་གོ་བ་གཏིང་ཟབ་ལེན་ཐུབ་ཆེད། ད་དུང་སྐལ་ཉིས་གྲོང་ཚོའི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག ཞིང་འབྲོག་པ་མང་ཚོགས་བཅས་དང་གྲོས་མོལ་ཧུར་ཐག་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་གླུ་གཞས་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་ཟུང་འབྲེལ་བྱས་ནས་གསུམ་མདོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གླུ་གཞས་བརྩམས་པ་དང་། གླུ་གཞས་དེ་སྐད་འཕྲིན་དང་མཛེས་དཔར་སོགས་ལས་སྟེགས་ཐོག་བརྒྱུད་བསྐུར་བྱས་པས་ཚང་མས་ཧུར་ཐག་སྦྱངས་པ་མ་ཟད་བརྒྱུད་བསྐུར་ཡང་མང་པོ་བྱས་པས། ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)