《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཕྱོགས་ཡོངས་ནས་རྒྱུན་རྣམ་ཅན་གྱི་དོ་དམ་དུ་བསྒྱུར་བ།

(པར་ངོས་དང་པོར་མཐུད) ཆ་འཕྲིན་ཤེས་རྟོགས། ཉེན་ཁ་འབྲིང་བ་དང་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་མཁན་ལ་དོ་དམ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་། དངོས་ཟོག་གྲ་སྒྲིག་སོགས་ཀྱི་ལས་དོན་ལ་འགན་ཡག་པོ་འཁུར་རྒྱུ་དང་། སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་དུད་ཚང་དང་མི་སྣར་དོན་འཁྱོལ་བྱ་རྒྱུ་བཅས་རེད། ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གིས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་ཁུར་ནས་ཚན་པ་དེ་རང་གི་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དང་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་རང་ཉིད་ཀྱི་མི་ལ་དོ་དམ་ཡག་པོ་བྱ་རྒྱུ་རེད། སྡེ་ཁུལ་ཁག་གི་བྱེད་པོ་དང་། ཁྱིམ་ཚང་། མི་སྒེར་བཅས་ཀྱིས་རང་རྟོགས་ངང་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དང་འོས་འགན་ལག་བསྟར་བྱས་ནས་རང་ངོས་འཕྲོད་བསྟེན་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། “བར་ཐག་སྨི་གཅིག་འཇོག་པ”དང་ལག་པ་ཡང་ཡང་འཁྲུ་བ། ཁ་རས་རྒྱག་པ། སྤྱི་པའི་ཐུར་མ་སྤྱོད་པ་སོགས་ཀྱི་འཕྲོད་བསྟེན་གྱི་གོམས་གཤིས་དང་བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་འཇགས་པ་བྱེད་དགོས།

རང་ལྗོངས་ཀྱིས་རིགས་དབྱེ་ནས་ཧེ་བག་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལག་བསྟར་བྱས་ནས་ཡུལ་བབ་དང་བསྟུན་ནས་གཞུང་ལས་སྒྲུབ་ཡུལ་དང་སྤྱི་པའི་འདུ་འཛོམས་བྱ་ཡུལ་དུ་ཧེ་བག་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལག་བསྟར་བྱས་ནས་ཉིང་སྐྱུར་བརྟག་དཔྱད་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་བྱེད་པ་དང་། བརྟག་དཔྱད་བྱེད་འདོད་ཡོད་རིགས་ཚང་མར་བརྟག་དཔྱད་བྱེད”ཐུབ་པ་བྱས་ནས་སྤྱི་པའི་འཕྲོད་བསྟེན་འཛུགས་སྐྱོང་གི་ཞན་ཆ་རིམ་བཞིན་བསལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།