《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རོལ་དབྱངས་དཀྲོལ།

2019ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྟན་ཐོག་ཡར་བརྩོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པས་ཁྲིད་སྟོན་བྱ་རྒྱུ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གཅིག་གྱུར་མཐའ་འཁྱོངས་ཀྱིས་ཉམས་མྱོང་ཕྱོགས་སྡོམ་དང་སྒྱུར་བཅོས་གསར་གཏོད་ཟུང་འབྲེལ་བྱེད་པ་དང་ཁྲིམས་ལྟར་སྲིད་སྐྱོང་དང་རྩ་བ་ཡོ་བསྲང་དང་ཡོང་ཁུངས་གཙང་མ་བཟོ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྣེ་འདྲེན་ནུས་པ་འདོན་སྤེལ་བྱས་ཐོག་རྩ་བ་འཛུགས་པ་དང་བླ་སྲོག་གཏོད་རྒྱུ་གཙོ་བོར་བྱེད་པ་དང་། སྣོད་བཅུད་ཀྱི་སྟོབས་ཤུགས་ཆེན་པོ་གཏོད་རྒྱུ་འགུལ་ཤུགས་སུ་བྱེད་པ། རྒྱལ་ཁ་ཡོངས་སུ་མ་ཐོབ་བར་དམག་རྒྱག་མཚམས་མི་འཇོག་རྒྱུའི་སྙིང་རུས་ཐོག་ནས་གཙོ་གནད་དམ་བཟུང་དང་དྲང་སྲུང་གསར་གཏོད་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རོལ་དབྱངས་དཀྲོལ་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ས་ཁོངས་ཧྲིལ་པོ་གཞི་གཅིག་ཅན་མཐའ་འཁྱོངས་ཀྱིས་དྲ་མིག་ཅན་གྱི་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་ཀྱི་གཡུལ་ས་བཏོད་པ།

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་དུས་བབ་དང་ལས་འགན། འཕེལ་རྒྱས་བཅས་ཀྱི་དགོས་མཁོ་དང་བསྟུན་ཆེད་གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས“ཁུལ་ཁོངས་ཟུང་འབྲེལ་དང་། ལས་བགོས་འགན་འཁུར། གཙོ་གནད་མངོན་གསལ་དོད་པ། ནུས་ཕྱོད་ཆེ་རུ་གཏོང་བ”བཅས་ཀྱི་བླང་བྱ་གཞིར་བཟུང་དྲ་མིག་ཅན་གྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་ཀྱི་གཡུལ་ས་བཏོད་ཐོག་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱ་ཆེད་འགྱུར་མེད་སྟོབས་ལྡན་གྱི་ལྟ་འདོམས་འགན་ལེན་བྱས་ཡོད།

ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་ཇུས་བཏོན་ནས“རང་བརྟེན་ལྟ་ཞིབ་ཚད་ལེན+ཕྱོགས་གསུམ་པའི་ལྟ་ཞིབ་ཚད་ལེན+རང་འགུལ་ལྟ་ཞིབ་ཚད་ལེན+དཔེ་སྐྱེལ་ལྟ་ཞིབ་ཚད་ལེན”བཅས་ཀྱི་ལས་ཀའི་དཔེ་དབྱིབས་བཏོད་པ་དང་། ས་ངོས་ཆུ་དང་། རླུང་ཁམས་ཆེ་མོའི་སྣོད་བཅུད་ཁོར་ཡུག་སྤུས་ཚད་འཆར་ཅན་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ཚད་ལྡན་བཟོ་བ། ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་དཔེ་མཚོན་ས་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱས་པ། རྫོང་དང་ཆུས་18ལ་སྤྱི་འདོམས་ངང་འཐེན་བཤེར་ལྟ་ཞིབ་ཚད་ལེན་དང་། ལྟ་སྐུལ་ལྟ་ཞིབ་ཚད་ལེན། བསྡུར་བའི་ལྟ་ཞིབ་ཚད་ལེན། འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་བཅས་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་དྲ་བའི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།

ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་གྲོང་ཁྱེར་རིམ་པ་དང་པོའི་དྲ་མིག་རྒྱུན་མཐུད་ངང་བཏོད་དེ་རྫོང་དང་ཆུས་ཀྱི་རིམ་པ་གཉིས་པའི་དྲ་མིག་དང་། ཤང་དང་གྲོང་རྡལ་གྱི་རིམ་པ་གསུམ་པའི་དྲ་མིག གྲོང་ཚོའི(གྲོང་ལྷན)རིམ་པ་བཞི་པའི་དྲ་མིག་བཅས་བཏོད་ནས་རིམ་པ་གཉིས་པ་18དང་། རིམ་པ་གསུམ་པ་204 རིམ་པ་བཞི་པ་1687བཅས་ཀྱི་ཁོར་ཡུག་ལྟ་འདོམས་ཀྱི་དྲ་མིག་ལྟ་འདོམས་པའི་འགན་འཁྲི་ཟམ་མི་ཆད་པར་ནན་དུ་བཏང་ནས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལག་ལེན་མཐའ་འཁྱོལ་བྱས་ཏེ་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན)བཅས་ཀྱི་ཁོར་ཡུག་ལྟ་འདོམས་ཀྱི་གསོན་ཤུགས་སྐུལ་སློང་བྱས་ཏེ“གཡས་ནས་གཡོན་དང་གོང་ནས་འོག་བར་ཁྱབ་པའི”དྲ་མིག་ཅན་གྱི་ཁོར་ཡུག་ལྟ་འདོམས་ཀྱི་བཀོད་པ་གསར་པ་བཏོད་ཡོད།

ལྟེ་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

2019ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལོ་འཁོར་མོར་སྤུས་ཀ་ལེགས་ཚད་98.4%ཟིན་ནས་སྦགས་བཙོག་ཚབས་ཆེའི་གནམ་གཤིས་བསྟན་མྱོང་མེད།

དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱས་ནས་བྱེ་རྡུལ་དང་། ཐལ་རྡུལ། འཕྲུལ་སྒུལ་འཁོར་རིགས། བསང་དུད་སོགས་ཀྱི་སྦགས་བཙོག་ཚོད་འཛིན་བྱས་ཏེ“ཐོར་ཟིང་བཙོག་གསུམ”གྱི་ཁེ་ལས་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་བྱས་པ་དང་ནུས་རྒྱུ་གཙང་མ་ཁྱབ་གདལ་ཧུར་ཐག་བཏང་བ། སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་ཧྲུལ་127བེད་མེད་དུ་བཏང་བ། སྣུམ་རླངས་ཚུར་བསྡུ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱས་ནས་འཕྲུལ་སྒུལ་འཁོར་རིགས་གསར་པའི་སྦགས་བཙོག་ཕྱིར་འབུད་ཚོད་འཛིན་དང་ཚད་ལེན་བྱེད་ཐབས་ཀྱི་ཚད་གཞི་ལག་བསྟར་བྱས་ཡོད།

མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་གཙང་པོ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཚད་རིགས་གསུམ་པའི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་ལེགས་པ་དང་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་གྱི་ཡོད་པ་རེད།

ས་ཞིང་གི་སྦགས་བཙོག་གནས་ཚུལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་། གཙོ་གནད་ཁེ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་ཡོངས་བཤེར་བྱས་པ། ཉེན་ཡོད་སྙིགས་རོ་རེ་ཞུ་དང་ཐོ་འགོད་བྱ་རྒྱུ་ཡོངས་སུ་ཁྱབ་པ་བཅས་དང་། “འགྱིག་ཤོག་སྦགས་བཙོག”བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི“བཅོས་སྒྲིག་གསུམ་དང་མཐོར་གཏོང་གསུམ”དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་ཁོར་ཡུག་བཅོས་སྒྲིག་ཆེན་པོའི་ལས་འགན་ལེགས་གྲུབ་ཟིན་པ། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ལག་བསྟར་བྱས་པ་དང་། ཞིང་ལས་ཁྱབ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

གཙོ་གནད་དོ་དམ་དང་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་སྲུང་ཡོལ་གྱི་མཐོ་ས་བཏོད་པ།

2019ལོར་གཞིས་རྩེ་གྲོང་ཁྱེར་གྱི་དྲ་ཐོག་ཞིབ་མཆན་ཐོ་འགོད་བྱེད་ཚད་2356ཟིན་པ་དེ་གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”ལས་དོན་ཡག་པོ་སྤེལ་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་ལས་དོན་མ་སྒྲུབ་གོང་གི་སྔོན་འགོག་རང་བཞིན་གྱི་ལམ་ལུགས་འཛུགས་སྐྱོང་ཞིབ་ཚགས་བྱས་ཏེ《གཞིས་རྩེ་གྲོང་ཁྱེར་གྱི་ཁོར་ཡུག་གདེང་འཇོག་གི་འགྲོ་ལུགས་གཉེར་བའི་མཛུབ་ཁྲིད་ལག་དེབ》རྩོམ་སྒྲིག་པར་འགྲེམས་དང་དྲ་ཐོག་བདག་སྤྲོད་དང་ངོ་འཕྲད་མི་བྱེད་པའི་ཞིབ་མཆན་འགོད་རྒྱུ་ཁྱབ་གདལ་བཏང་བ་བཅས་བྱས་པ་དང་། ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་རྒྱུ་གཙོ་བོར་བྱས་ཏེ“ཁོར་ཡུག་དཔྱད་གདེང་གི་མཆན་བཀོད་བཀའ་ལན”གྱི་ཚོད་འཛིན་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི“ལྗང་ཕུབ”ཀྱི་དོ་དམ་ནུས་པ་ཆེ་རུ་བཏང་ནས“མཐོ་གསུམ”ལས་རིགས་ཀྱི་ཆོག་འཐུས་མཐའ་དག་གཏན་འགོག་མཐའ་གཅིག་ཏུ་བྱས་ཐོག་འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་དང་སྣོད་བཅུད་གཏོར་བཤིག་གཏོང་རྒྱུར་འགོག་ཟོན་དེ་བས་ཡག་པོ་བྱས་པ་རེད།

ལས་དོན་སྤེལ་རིང་གི་ལྟ་སྐུལ་རང་བཞིན་གྱི་ལམ་ལུགས་ལག་བསྟར་ཏན་ཏིག་བྱས་ཏེ《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་ནན་པོ་བྱས་པ་དང་། 《ཁོར་ཡུག་ལྟ་འདོམས་ཀྱི་ཁྲིམས་བསྟར་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། “སྲིད་འཛིན་ལྟ་སྐུལ”དང་“ཁེ་ལས་ཞིབ་བཤེར”མཉམ་འཛིན་དང“ཁྲིམས་འགལ་ལ་རྡུང་རྡེག་ནན་པོ་གཏོང་བ”དང“ཚད་ལྡན་ཁྲིམས་བསྟར”གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁོར་ཡུག་ལྟ་ཞིབ་ལ་བཀག་སྡོམ་ཁུལ་མེད་པ་དང་དམིགས་བསལ་ཁུལ་མི་འཛུགས་པར་ཕྱོགས་ཡོངས་ནས་ཁྲིམས་བསྟར་ནན་པོ་བཅས་བྱས་པས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་། སྦགས་བཙོག་རྒྱུན་མཐུད་ཆག་པ། སྣོད་བཅུད་རྒྱུན་མཐུད་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་བ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་ཆུ་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་གཞི་རྟེན་དུ་བྱས་ཏེ་རྩ་སྲ་རྨང་བརྟན་རྒྱུན་ཆད་མེད་པར་བྱས་ནས་གསོ་སྦྱོང་དང་། སློབ་གསོ། དཔྱད་ཞིབ། རྗེས་འབྲངས་རོགས་ཁྲིད། ལག་ལེན་དམར་ཁྲིད་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་གི་ལས་བྱེད་པ་ཟམ་མི་ཆད་པར་གསོ་སྐྱོང་བྱས་པ་དང་། ཕུལ་བྱུང་གི་སྣོད་བཅུད་ཧྲག་དམག་སྔོག་འདོན་དང་གསོ་སྐྱོང་ཤུགས་ཆེན་བྱས་པ། སྣོད་བཅུད་ཁོར་ཡུག་གི་རྗེས་གྲབས་ལས་བྱེད་པའི་མཛོད་བཙུགས་པ། སྐུལ་ལྕག་འགན་འཁུར་དང་དངོས་སྒྲུབ་ཀྱི་མི་སྤྱོད་དར་སྤེལ་ལམ་སྲོལ་ཟམ་མི་ཆད་པར་ལེགས་སུ་བཏང་བ། ཁོར་ཡུག་སྲུང་སྐྱོང་ལས་བྱེད་པའི་དངོས་སྒྲུབ་དཀའ་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ། དམག་འཐབ་དྲག་པོ་རྒྱག་ཕོད་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ལ་སྐུལ་མ་བཏང་ནས་སྐུལ་ལྕག་གི་སྟོན་ཕྱོགས་བཟང་པོ་ཞིག་ཆགས་ཡོད་པ་རེད།