《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

རིག་ནུས་ཅན་གྱི་གད་སྙིགས་རིགས་དབྱེའི་སྒམ་གྱིས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ལ་རམ་འདེགས་བྱེད་པ།

↑ཉེ་ཆར་གྲངས་གཞི་ཆེན་པོའི་དབྱེ་ཞིབ་ནུས་པ་དང་། གད་སྙིགས་བླུགས་ཁའི་བཙིར་འགོག་ནུས་པ། གད་སྙིགས་ཁེངས་སྐབས་ཉེན་བརྡ་གཏོང་ནུས་སོགས་ནུས་མང་གཅིག་ཏུ་བསྡུས་པའི་རིག་ནུས་གད་སྙིགས་རིགས་དབྱེའི་སྒམ་གསར་པ་དེ་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་དུ་སྤྱོད་འགོ་ཚུགས་ཡོད། གྲོང་མི་ཚོས་ལག་ཐོགས་ཁ་པར་གྱི་APPདང་སྐད་འཕྲིན་གྱིས་ཨང་རྟགས་བཤེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སྒྲིག་ཆས་དེ་སྤྱད་ནས་ཚགས་པར་དང་། ལྕགས་རིགས། འགྱིག་ཤོག ཤེལ་སྒོ གློག་རྫས་སོགས་འཚོ་བའི་གད་སྙིགས་རིགས་དབྱེའི་ངང་བླུགས་ཆོག་གི་ཡོད། རིག་ནུས་ཅན་གྱི་གད་སྙིགས་རིགས་དབྱེའི་སྒམ་གྱིས་གྲོང་མིས་བླུགས་པའི་གད་སྙིགས་རང་འགུལ་ངང་ལྗིད་ཚད་འཇལ་གྱི་ཡོད་པས་གྲོང་མི་ཚོས་རྩ་གཉིས་ཨང་རྟགས་བཤེར་བའམ་ཡང་ན་ངོ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་ཁོར་ཡུག་སྲུང་སྐྱོང་གི་སྐར་གསོག་བླངས་ཏེ་རྒྱུན་མཁོའི་ཚོང་ཟོག་དང་བརྗེ་ཆོག་གི་ཡོད།

འདི་ནི་ཟླ་6ཚེས་7ཉིན་ཐང་ཧྲན་གྲོང་ཁྱེར་ལུའུ་པེ་ཆུས་སློབ་གླིང་ཡཱ་ཅུས་ཁུལ་ཆུང་དུ་ཁོར་ཡུག་གཙང་སྦྲ་བས་རིག་ནུས་ཅན་གྱི་གད་སྙིགས་རིགས་དབྱེའི་སྒམ་ནང་གི་གད་སྙིགས་དག་གཙང་སེལ་དང་ཚུར་བསྡུ་བཞིན་པ།