《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

ཧོ་ཝུན་ཧའོ་ལྗོངས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ལྗོངས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་ཡིག་ཆ་གལ་ཆེན་དང་ཀྲུང་དབྱང་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཀྱི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལས་དོན་གྱི་དོན་གནད་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་མ་ཟད། རང་ལྗོངས་ཀྱི་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

ལི་ཝུན་ཧན་དང་། ཀྲང་ཧུང་པོ། ཀྲུའུ་ཡ་ཕིན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཧོ་ཝུན་ཧའོ་ཡིས། རིམ་ཁག་སྲིད་ཁྲིམས་སྡེ་ཚན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ་གྱི་བླང་བྱ་ལྟར་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་སྡེ་ཚན་ཅན་དང་། ཞིབ་ཕྲ་ཅན། ཞིབ་སྲོལ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། ལས་འགན་གྱི་བླང་བྱ་དང་། ལམ་ལུགས་ཀྱི་བྱེད་ཐབས། སྒྲིག་སྲོལ་གྱི་གོ་རིམ་སོགས་ཕྱོགས་གང་ས་ཅི་ཐད་ལ་དོན་འཁྱོལ་ཐུབ་པར་བྱེད་དགོས། སྲིད་ཁྲིམས་ཁྱབ་ཁོངས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སྒྱུར་བཅོས་ལས་དོན་གྱི་མ་ལག་འདུས་གྲུབ་དང་སྤྱི་འདོམས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་བྱེད་རིང་ལམ་ལུགས་ཀྱི་ལེ་ལག་མི་ཚང་བ་དང་སྡེ་ཚན་མཐུན་སྦྱོར་མེད་པ་སོགས་ཀྱི་གནད་དོན་ཧུར་ཐག་སེལ་བ་བཅས་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་དཀའ་ངལ་ཧུར་ཐག་ངང་སེལ་བ་དང་། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྔར་བས་ཆེ་བའི་ཆོད་སེམས་དང་སྔར་བས་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འགག་སྒྲོལ་གྱི་དམག་འཐབ་གང་ལེགས་བརྒྱབ་ནས་རང་ལྗོངས་ཀྱིས་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།