《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月31日

ཐ་མག་འཐེན་པའི་གནོད་འཚེ།

ཟླ་5ཚེས་31ཉིན་ནི་འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོ(རྡོ་ཐས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཆེན་བྱ་ཆེད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་1987ལོའི་ཟླ་11པར་ལོ་ལྟར་གྱི་ཟླ་4ཚེས་7ཉིན་ནི་འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོར་གཏན་འཁེལ་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་1988ལོ་ནས་བཟུང་ལག་བསྟར་བྱས་པ་རེད། 1989ལོ་ནས་བཟུང་འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོ་ནི་ལོ་ལྟར་གྱི་ཟླ་5ཚེས་31ཉིན་ལ་བཅོས་པ་རེད)

ཐ་མག་རྐང་གཅིག་གིས་མིའི་གཟུགས་པོར་ཕོག་པའི་གནོད་འཚེ།

ཐ་མག་རྐང་གཅིག་ལ་མེ་སྤར་ནས་ཧུབ་རེ་འཐེན་སྐབས་དུ་བ་སྔོ་ལྷོག་ལྷོག་འཕྱུར་བ་དེས་ཁྱེད་ཀྱི་གཟུགས་གཞིར་གནོད་འཚེ་གང་དང་གང་བཟོ་ཡི་ཡོད་པ་ཤེས་སམ།

དབང་པོའི་མ་ལག་ཆེན་པོ་བདུན་ལ་གནོད་འཚེ་ཆེན་པོ་བདུན་ཕོག་པ།

དབུགས་ལམ། མིའི་དབུགས་ལམ་གྱི་ངོས་སུ་ཚི་སྤུ་ཡོད་པ་དང་རྒྱུན་གཏན་ལྟར་ན་འོག་ནས་གོང་དུ་འགུལ་སྐྱོད་བྱས་ཏེ་ཐལ་རྡུལ་སོགས་ཕྱིར་འབུད་པའི་ནུས་པ་ཐོན་གྱི་ཡོད། ཐ་མག་ཡུན་རིང་འཐེན་ཚེ་དུ་བས་ཚི་སྤུའི་ངོས་འབྱར་ནས་འགུལ་སྐྱོད་མི་ཐུབ་པ་དང་ཚི་སྤུ་འགུལ་སྐྱོད་མ་ཐུབ་ཚེ་ཐལ་རྡུལ་སོགས་ཕྱིར་འབུད་པའི་ནུས་པ་ཉམས་ཀྱི་ཡོད། དེའི་ཁར་ཡུན་རིང་གསོ་རླུང་མི་འདང་བའི་དབང་གིས་ཁ་དང་། མིད་པ། མགྲིན་པ། གློ་བ་སོགས་ལ་ཤུགས་རྐྱེན་ཐེབས་ནས་མགྲིན་པའི་གཅོང་ནད་དང་གློ་ཡུའི་གཅོང་ནད་སོགས་ཕོག་པ་མ་ཟད་རྒྱུ་རྐྱེན་གཞན་དག་གིས་རྐྱེན་པས་འགག་པའི་རང་བཞིན་གྱི་གློ་བའི་གཉན་ཚད་ཕོག་གི་ཡོད།

ཟུངས་ཁྲག རྡོ་ཐའི་རྫས་སྒྱུར་དངོས་རྫས་དེ་དག་ཁྲག་རྒྱུན་ནང་འཛུལ་རྗེས་མཁལ་མས་དྭངས་གསིང་ཕྱེ་ནས་ལྒང་བུ་བརྒྱུད་གཅིན་པ་དང་མཉམ་དུ་དོན་གྱི་ཡོད། ལྒང་བུའི་ཕྲ་ཕུང་ལ་དེ་དག་གི་གཏོར་སྐྱོན་ཕོག་ནས་འབྲས་སྐྲན་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད།

སྙིང་། གསོ་རླུང་མ་འདང་བའི་དབང་གིས་སྙིང་ཁམས་ལ་གནོན་ཤུགས་ཆེན་པོ་ཕྲད་ནས་ཐེག་ནུས་ལས་བརྒལ་བའི་ནུས་པ་བཏོན་རྗེས་གཞི་ནས་རྒྱུན་གཏན་གྱི་གཟུགས་པོའི་བདེ་ཐང་སྲུང་སྐྱོང་ཐུབ་ཀྱི་ཡོད། རྡོ་ཐའི་ཉི་ཀུའུ་ཏིང་དང་དབྱང་གཅིག་ཐཱན་འགྱུར་གྱིས་ཏོག་དབྱིབས་འཕར་རྩའི་ནང་སྐྱིར་གནོད་འཚེ་བཟོས་ནས་སྙིང་གཟེར་གྱི་ནད་ཕོག་པ་མ་ཟད་ད་དུང་ཁྲག་རྩར་གནོད་འཚེ་ཕོག་ནས་ཁྲག་རྡུལ་བསྡུས་ཏེ་ཁྲག་གར་དུ་ཕྱིན་ཏེ་ཁྲག་རྡོ་ཆགས་ཀྱི་ཡོད།

ཕོ་བ། ཐ་མག་གི་ཉི་ཀུའུ་ཏིང་གིས་ཕོ་བའི་གཅོང་ནད་ཕོག་པ་དང་། ཕོ་བའི་ནད་དྲག་སྐྱེད་ལ་འགོག་རྐྱེན་བཟོ་གི་ཡོད་པ་མ་ཟད། ཕོ་རྒྱུའི་རྒྱུན་གཏན་འགུལ་སྐྱོད་ལ་གཏོར་སྐྱོན་བཏང་ནས་ཕོ་བའི་ནད་དང་ཕོ་བའི་གཅོང་ནད་ཕོག་གི་ཡོད།

གློ་བ། འཚིག་སྣུམ་དང་། དབྱང་གཅིག་ཐཱན་འགྱུར། ཉི་ཀུའུ་ཏིང་སོགས་གནོད་ཡོད་དངོས་རྫས་གློ་བར་འཛུལ་རྗེས་སོལ་རླངས་ཀྱི་དུག་ཕོག་པ་དང་གཅིག་མཚུངས་རེད། དབྱང་གཅིག་ཐཱན་འགྱུར་ཁྲག་ནང་འཛུལ་རྗེས་དབྱང་རླུང་ལས་ལྡབ་སྒྱུར་གྱིས་དབྱང་རླུང་ཕྱིར་བཏོན་ཏེ“བཙན་ཤུགས”ངང་ཁྲག་དམར་སྤྲི་དཀར་དང་འདྲེས་ནས་གཟུགས་པོ་ཡོངས་ཀྱི་ཁྲག་འཁོར་རྒྱུག་ལ་གནོད་འཚེ་བཟོ་གི་ཡོད།

མཁལ་མ། ཐ་མག་འཐེན་ན་མཁལ་མའི་ཟགས་ཐོན་མང་དུ་འགྲོ་བ་དང་ལྷག་པར་དུ་ཟགས་ཐོན་དངོས་པོས་ཁྲག་འདུས་ཚད་མང་དུ་གཏོང་གི་ཡོད་པས་དེ་ནི་ཁྲག་གར་དུ་འགྲོ་ཚད་ཆེ་རུ་འགྲོ་བའི་རྐྱེན་ཡང་རེད། ཁྲག་གར་དུ་ཕྱིན་ཚེ་ཁྲག་འཁོར་རྒྱུག་འགོར་དུ་འགྲོ་བ་དང་དེའི་ནང་གི་ཕྲ་ཕུང་དམར་པོ་དང་ཁྲག་འདུས་སོགས་རྡོག་པོར་འགྱུར་སླ་བས་ཁྲག་འཁོར་རྒྱུག་ལ་འགོག་རྐྱེན་བཟོས་ཏེ་ཁྲག་འགག་རང་བཞིན་གྱི་ཀླད་པའི་ཁྲག་རྩའི་ནད་ཕོག་གི་ཡོད།

པགས་པ། ཨ་རིའི་པགས་པའི་རིགས་གཅིག་མཁས་ཅན་ཅེ་ཧྥེ་ལི•ཧྲི་སྨི་སིས་ཞིབ་འཇུག་བྱས་པ་གཞིར་བཟུང་། ཉི་འོད་ཀྱིས་འཚིགས་པ་ལྟར་ཐ་མག་འཐེན་ན་ལྡེམ་གཤིས་སྤྲི་དཀར་སྲ་མོ་དང་ལྡེམ་གཤིས་ཚི་སྣ་སྦོམ་འགྱུར་རམ་ཡང་ན་གསོ་རླུང་མཁོ་འདོན་བྱེད་ཚད་ཀྱི་བར་མཚམས་ཆད་པ་དང་ཉུང་དུ་ཕྱིན་ནས་པགས་པའི་གྲུབ་ཆ་གཙོ་བོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མ་ཟད། པགས་པ་སྐམ་ཤས་ཆེ་རུ་ཕྱིན་ནས་གཉེར་མ་མང་དུ་འགྲོ་ཡི་ཡོད་པ་གསལ་བཤད་ཐུབ་ཡོད།