《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月31日

ཇོ་མོ་གླང་མའི་རི་གཤམ་གྱི་སྤྱི་དམངས་ཚན་རིག་ཉིན་མོའི་བྱེད་སྒོ

ཉེ་ཆར་ཀྲུང་གོ་ཚན་རིག་ཁང་ཇོ་མོ་གླང་མའི་རླུང་ཁམས་ཆེན་པོ་དང་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས(གཤམ་དུ“ཇོ་མོ་གླང་མའི་ས་ཚིགས”ཞེས་བསྡུ་རྒྱུ)ཀྱིས་སྤྱི་དམངས་ཀྱི་ཚན་རིག་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཇོ་མོ་གླང་མའི་ས་ཚིགས་ཀྱི་ལས་དོན་མི་སྣས་ས་ཚིགས་ནང་ཁུལ་གྱི་ཚན་ཞིབ་སྒྲིག་ཆས་ངོ་སྤྲོད་བྱེད་པ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བརྙན་ཐུང་སྟོན་པ་སོགས་བྱས་ནས། ཇོ་མོ་གླང་མའི་རི་གཤམ་གྱི་ཕྲུ་གུ་ཚོས་ཚན་རིག་ལ་ཤེས་རྟོགས་དང་ཚན་རིག་ལ་དགའ་ཞེན་བྱེད་པ་དང་ཁོ་ཚོའི་ཚན་རིག་གི་བྱང་ཚད་མཐོ་རུ་བཏང་ཡོད།

འདི་ནི་ལས་དོན་མི་སྣས“སྤྱི་དམངས་ཀྱི་ཚན་རིག་ཉིན་མོའི”བྱེད་སྒོར་ཞུགས་མཁན་སློབ་མ་ཚོར་ཇོ་མོ་གླང་མའི་ས་ཚིགས་ནང་ཁུལ་གྱི་ཚན་ཞིབ་སྒྲིག་ཆས་ངོ་སྤྲོད་བྱེད་བཞིན་པ།