《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月31日

ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། མཐའ་མཚམས་ལ་ལྟ་འདོམས་དང་། སྤྱི་ཚོགས་རིམ་ངོས་ཀྱི་སྔོན་འགོག་དང་ཚོད་འཛིན། ཆོས་ལུགས་ཁྱབ་ཁོངས་ལ་དོ་དམ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་གནད་སྨིན་བྱེད་པ། མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དམིགས་སུ་བཀར་ནས་ཡག་པོ་སྒྲུབ་པ། མཐའ་མཚམས་ས་ཁུལ་གྱི་མཐའ་རྒྱུད་ཀྱི་དབྱར་རྩྭ་དགུན་འབུ་འཐུ་བསྡུ་ས་ཚིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དམིགས་སུ་བཀར་ནས་ཡག་པོ་སྒྲུབ་པ། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ལྟ་འདོམས་དང་དོགས་ཟོན་ལས་དོན་གྱི་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་གནད་ལ་འཁེལ་པོས་བཟོ་བ། སྔོན་འགོག་དང་ཚོད་འཛིན་གྱི་དངོས་རྫས་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་པ། གཅིག་ལ་གཅིག་འགོ་བ་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་རིམས་ནད་མ་ཐོན་པའི་འགན་ལེན་བྱ་རྒྱུ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། བྱེད་ཐབས་སྣ་ཚོགས་སྔ་སྣུར་དུ་བཟོས་ནས་དོན་འཁྱོལ་བྱེད་པ། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བོད་དུ་ཕྱིར་ལོག་གིས་ཡིག་རྒྱུགས་ནང་ཞུགས་པར་ཞབས་ཞུ་དང་དོ་དམ་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། ཕྱི་ནས་འགོ་བའི་ཉེན་ཁར་དོགས་ཟོན་ཆེན་པོ་བྱེད་པ་བཅས་བྱས་ནས་དགེ་སློབ་ཀྱི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱ་རྒྱུ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་མི་སྣའི་འགོག་སྲུང་དང་། བརྟག་ཞིབ། དུག་སེལ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་བཅས་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)