《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

“ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་གཏན་གཏན་ཐུབ་ངེས་རེད”

——ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གྲོས་བསྡུར་འཁྲུག་པོ་བྱེད་པ།

“དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱེད་པ”འཐུས་མི་དང་ཨུ་ཡོན་ཚོས་དོ་ཁུར་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་རེད་ལ། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་དོན་དག་ཞིག་ཀྱང་རེད།

“ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་ལ་རྒྱབ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་བསམ་གྲུབ་ཀྱིས་བརྗོད། ཁོང་གིས“དབུལ་སྒྲོལ་འགག་སྒྲོལ་ནི་ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གིས་དམ་འཛིན་མང་ཤོས་བྱེད་པ་དང་མང་ཚོགས་ལ་མྱོང་ཚོར་ཟབ་ཤོས་བྱུང་བའི་དོན་ཆེན་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་ལས་མང་ཚོགས་དབུལ་པོར་རོགས་རམ་བྱས་ཏེ‘དབུལ་སྒྲོལ་གྱི་ཕུགས་འདུན’མངོན་འགྱུར་བྱུང་ནས་མང་ཚོགས་དབུལ་པོའི་མ་འོངས་པའི་འཚོ་བར་རེ་བས་ཁེངས་ཡོད”ཅེས་བརྗོད།

“ཙུང་ལི་ལི་ཁེ་ཆང་གིས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་དགོས་ཞེས་གསུངས་ཡོད”ཅེས་བཀྲ་ཤིས་བསམ་གྲུབ་ཀྱིས་བརྗོད་པ་དང་། ཁོང་གིས“ཙུང་ལིའི་གསུང་བཤད་ལས་ང་ཚོས་འཕེལ་རྒྱས་གཏོང་བའི་སེམས་ཤུགས་ཆེ་རུ་ཕྱིན་སོང་། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡིན་པས། མ་གཞི་རིམས་ནད་ཀྱིས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་རྐྱེན་བཟོས་ཡོད་མོད། འོན་ཀྱང་ང་ཚོར་ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་གཏན་གཏན་ཐུབ་ངེས་དང་འབྱོར་འབྲིང་སྤྱི་ཚོགས་གཏན་གཏན་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།

མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར་ལ་རྒྱབ་གྲོང་ཚོ་འབྱོར་འབྲིང་གྲོང་ཚོར་བསྐྲུན་ཟིན་ནས་དུད་ཚང་ཚང་མ“འབྱོར་འབྲིང་གི་སྡོད་ཁང”དུ་བསྡད་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྙེད་ཡོད། “ད་ཆ་ལ་རྒྱབ་གྲོང་ཚོའི་མི་ཚང་མས་བརྟན་ལྷིང་ལ་བསམ་བློ་གཏོང་བ་དང་དུད་ཚང་ཚང་མས་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད། ‘མི་སེམས་གཅིག་ཏུ་བསྒྲིལ་ན་རི་བོ་ཡང་སྤོ་ཐུབ་པས’སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ང་ཚོར་སྤུས་ཚད་དེ་བས་ལེགས་པའི་འཕེལ་རྒྱས་བྱུང་ནས་འཚོ་བ་དེ་བས་ཡག་པའི་ཡིད་ཆེས་ཡོད”ཅེས་བཀྲ་ཤིས་བསམ་གྲུབ་ཀྱིས་བརྗོད།