《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

དར་འབུ་གསོ་ཚགས་བྱས་ནས་དབུལ་སྒྲོལ་ཐུབ་པ་བྱེད་པ།

← དར་ཤིང་བཙུགས་ནས་དར་འབུ་གསོ་ཚགས་བྱེད་པ་ནི་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་ལུའུ་ཀྲའེ་རྫོང་ཧོང་མན་གྲོང་རྡལ་གྱི་སྲོལ་རྒྱུན་ཐོན་ལས་ཤིག་ཡིན་པ་མ་ཟད། དབུལ་སྒྲོལ་ཐོན་ལས་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ས་གནས་འདི་གས་དར་ཤིང་དང་དར་འབུའི་ཐོན་ལས་འཛུགས་སྐྱོང་ལ་བརྟེན་ནས་མཉམ་དུ་ཕྱུག་པོ་ཆགས་པ་བྱས་པ་དང་། དར་འབུའི་གྲོང་གསེབ་ཐོན་ལས་དཔེ་སྟོན་གླིང་བཏོད་དེ་ཚད་ལྡན་ཅན་དང་ཕྱེད་འཕྲུལ་ཆས་ཅན་གྱི་དར་འབུ་གསོ་ཚགས་ཁང་ཁག་གཅིག་སྒྱུར་བཀོད་བྱས་ནས་དར་འབུའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་གྲོང་རྡལ་ཡོངས་ཀྱི་དར་ཤིང་འདེབས་ཁྱོན་མུའུ་ཁྲི་5.4ཟིན་པ་དང་དར་འབུ་ཐོན་ཚད་སྤྱི་རྒྱ་ཁྲི་400ལྷག་ཙམ་ཟིན་ཞིང་། འདི་ནི་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་ལུའུ་ཀྲའེ་རྫོང་ཧོང་མན་གྲོང་རྡལ་ཕན་ལུང་གྲོང་ཚོར་གྲོང་མིས་དར་འབུར་དར་ལོ་སྟེར་བཞིན་པ།