《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

དཀར་ཆུའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད།

དཀར་ཆུའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད། ད་ཕན་ལོ་ཤས་རིང་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཚར་པ་ནང་གྲོང་ཚོའི་ཆུ་ཤུར་གཡུ་འབྲུག་རྒྱུད་པ་ལེགས་བཅོས་བཞོན་མ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གིས་བཞོན་མ་མཉམ་ལས་ཁང་ནང་ཞུགས་པའི་བྱེད་ཐབས་སྤྱད་དེ་འདེབས་འཛུགས་དང་། གསོ་སྤེལ། གསོ་ཚགས། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་གཉེར་སྐྱོང་བྱེད་ཐབས་བཏོད་པས“མང་ཚོགས་ཞུགས་པ་དང་། ལམ་སྲོལ་འཐུས་སྒོ་ཚང་བ། འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱེད་པ། དུད་ཚང་ཚང་མར་ཕན་པ”བཅས་ཀྱི་དེང་རབས་ཀྱི་གསོ་ཚགས་དམིགས་ཚད་མངོན་འགྱུར་བྱུང་ཡོད། མཉམ་ལས་ཁང་ལ་ཞུགས་མཁན་ཚོས་འོ་མ་སོས་པ་དང་བེའུ་བཙོངས་པ་བརྒྱུད་ལོ་རེར་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ཞིང་། འདི་ནི་མཉམ་ལས་ཁང་གི་ཕྱུག་འགྱུར་སྣེ་ཁྲིད་པ་སྟོབས་རྒྱལ(དཀྱིལ)གྱིས་བ་གསོ་ར་བར་བཞོན་མ་གསོ་ཚགས་བྱེད་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།