《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月19日

ཧྥ་རན་སེས་ཡོ་སྒོར་དུང་ཕྱུར་180བཏང་ནས་ཡུལ་སྐོར་ལས་རིགས་ལ་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་ཡོངས་བསྒྲགས་བྱས་པ།

↑ ཚེས་14ཉིན་ཧྥ་རན་སེ་སྲིད་གཞུང་གིས་སྤྱི་འབོར་ཡོ་སྒོར་དུང་ཕྱུར་180རོགས་སྐྱོབ་འཆར་གཞི་ལག་བསྟར་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་ཡུལ་སྐོར་ལས་རིགས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཡོངས་བསྒྲགས་བྱས་པ་རེད། ཧྥ་རན་སེ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་4པའི་ཡོངས་བསྒྲགས་སྙན་ཞུ་ལས་མངོན་དོན། རིམས་ནད་ཐོན་ཚུན་ཧྥ་རན་སེའི་ཨར་ཁང་དང་བཟའ་བཏུང་ལས་རིགས་ཀྱི་བྱེད་སྒོ་སྤེལ་གྲངས་90%ཉུང་དུ་ཕྱིན་པ་མ་ཟད། ཡུལ་སྐོར་ལས་དོན་ཁང་སྔོན་མངགས་བྱེད་ཚད་97%ཉུང་དུ་ཕྱིན་པ། ལས་སྒྲུབ་མི་སྣ་80%ཡིས་ལས་རིགས་སླར་གསོ་ཡོང་བར་ད་དུང་དུས་ཚོད་ཟླ་བ་8ནས་12བར་དང་ཐ་ན་དུས་ཡུན་དེ་བས་རིང་བ་འགོར་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འདི་ནི་ཧྥ་རན་སེའི་ཕ་རི་སིར་ཚོང་པ་ཉི་ཚེ་བ་ཞིག་གིས་ཨའེ་ཧྥེར་ལྕགས་སྒྲོམ་གྱི་ཐེ་ལུའོ་ཁ་ཏེ་ལུའོ་ཐང་ཆེན་དུ་དྲན་རྟེན་དངོས་པོ་འཚོང་བཞིན་པ།