《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月19日

རོ་མ་ནི་ཡའི་ཛ་དྲག་གི་གནས་སྟངས་མཇུག་འགྲིལ་ནས་དོགས་ཟོན་གྱི་མཚམས་སུ་སླེབས་པ།

↑ རིམས་ནད་མ་མཆེད་སྔོན་འགོག་བྱ་ཆེད་རོ་མ་ནི་ཡ་ཟླ་3ཚེས་16ཉིན་ནས་བཟུང་དུས་ཡུན་ཟླ་གཅིག་རིང་ཛ་དྲག་གི་གནས་སུ་གྱུར་པ་དང་དེ་རྗེས་ཟླ་5ཚེས་14ཉིན་བར་ནར་འགྱངས་བྱས་ཡོད། ཚེས་15ཉིན་ནས་བཟུང་རོ་མ་ནི་ཡར་རིམ་པ་གཅིག་གིས་དམའ་བའི་དོགས་ཟོན་གྱི་རྣམ་པར་སླེབས་ཡོད། རོ་མ་ནི་ཡའི་ཙུང་ཐུང་གཡོད་ཧན་ཉི་སི་ཡིས་ཚེས་14ཉིན་ཛ་དྲག་གི་གནས་སྟངས་མཇུག་འགྲིལ་ཡང་ཏོག་གསར་གློ་ཚད་ཀྱི་རིམས་ནད་མཇུག་འགྲིལ་བ་མཚོན་གྱི་མེད་ལ། གལ་སྲིད་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་ཚེ་ཁོང་གིས་སླར་ཡང་རྒྱལ་ཁབ་ཛ་དྲག་གི་གནས་སུ་སླེབས་པའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་ཅིང་། འདི་ནི་རོ་མ་ནི་ཡའི་རྒྱལ་ས་པུ་ཆ་རེ་སི་ཐེའི་ཁྲོམ་གཞུང་དུ་རླངས་འཁོར་འགྲོ་འོང་མང་བའི་གནས་ཚུལ་ཡིན་པ།