《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

ཧོ་ཧྥེས་སློབ་གྲྭའི་ནང་དུ་མཐོ་རྒྱུགས་གཏོང་མཁན་སློབ་མར་གཟུགས་པོ་བརྟག་དཔྱད་བྱས་པ།

← ཉེ་ཆར། ཧོ་ཧྥེ་གྲོང་ཁྱེར་གྱི་མཐོ་རྒྱུགས་གཏོང་མཁན་སློབ་མའི་གཟུགས་པོ་བརྟག་དཔྱད་ཀྱི་ལས་དོན་སྤེལ་འགོ་ཚུགས་པ་དང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་གྱིས། འདི་ལོ་ཧོ་ཧྥེ་གྲོང་ཁྱེར་གྱིས་སློབ་གྲྭའི་ནང་དུ་མཐོ་རྒྱུགས་གཏོང་མཁན་སློབ་མར་གཟུགས་པོ་བརྟག་དཔྱད་བྱས་པ་དང་། སྨན་དོན་མི་སྣས་ཆེད་ལས་སྒྲིག་ཆས་འཁྱེར་ཏེ་སློབ་གྲྭར་བསྐྱོད་ནས་སློབ་མར་གཟུགས་པོ་བརྟག་དཔྱད་བྱས་ཤིང་། འདི་ནི་ཧོ་ཧྥེ་གྲོང་ཁྱེར་སློབ་འབྲིང་གཉིས་པར་ཧོ་ཧྥེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་གཟུགས་པོ་བརྟག་དཔྱད་ལྟེ་གནས་ཀྱི་སྨན་དོན་མི་སྣས(གཡོན)མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མར་གཟུགས་པོ་བརྟག་དཔྱད་བྱེད་བཞིན་པ།