《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

ཞྭ་མོར་བརྟེན་ནས་གྲོང་མི་འབབ་འཕར་ལམ་དུ་འཁྲིད།

གྲ་ནང་རྫོང་གྲ་ཐང་གྲོང་རྡལ་ཡང་ཀ་གྲོང་ལྷན་གྱི་ཞྭ་མོ“ཚེ་རིང་སྐྱིན་ཁེབས”ཞིང་པའི་མཉམ་ལས་ཁང་2013ལོའི་ཟླ་བརྒྱད་པར་བཙུགས་པ་དང་གཙོ་བོ་བོད་ཞྭ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་ཀྱི་ཡོད། མཉམ་ལས་ཁང་དེས་བཟོས་པའི་ཞྭ་མོ་སྤུས་ཀ་ལེགས་ལ་བཟོ་ལྟ་དཔེ་གསར་ཡིན་པས་ལྷོ་ཁ་དང་། གཞིས་རྩེ། ལྷ་ས་སོགས་ནས་མངགས་ཉོ་བྱེད་མཁན་མང་པོ་ཡོད་ལ། རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཏུ་ཕྱིར་ཚོང་ཡང་བྱེད་ཀྱི་ཡོད་པས་ཁོ་ཚོའི་ལོའི་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་980ལྷག་ཙམ་ཟིན་གྱི་ཡོད། མིག་སྔར། མཉམ་ལས་ཁང་གིས“ཨུ་ལྷ་ཡག”ཅེས་པའི་ཚོང་རྟགས་ཐོ་འགོད་བྱས་ཏེ་ལས་ཞུགས་ལས་གནས་42ཐག་གཅོད་བྱས་པ་དང་ལོར་ཁྱོན་བསྡོམས་གླ་ཆ་སྒོར་ཁྲི་162སྤྲོད་ཀྱི་ཡོད། འདི་ལོ་མཉམ་ལས་ཁང་གིས་གཉེར་སྐྱོང་ཁྱབ་ཁོངས་ཆེ་རུ་བཏང་སྟེ་བོད་ཆས་སོགས་ཐོན་སྐྱེད་བྱས་ནས་གྲོང་མི་དེ་བས་མང་པོར་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཤིང་། འདི་ནི་གྲོང་མིས་ཞྭ་མོ་འཚེམ་པའི་གནས་ཚུལ་ཡིན་པ།