《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

པར་རིས་གསར་འགྱུར།

གྲ་ནང་གི་སྣམ་བུ་སྲུང་སྐྱོང་རྒྱུན་འཛིན་དང་ཞིང་པའི་མཉམ་ལས་ཁང་གི་རྩ་འཛུགས་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན། ཁྲོམ་ར་ཅན། ལེགས་བསྡུས་ཅན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། 2013ལོར་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་ལྕེའུ་སྨད་གྲོང་ཚོའི་ཞིང་པ་ཏང་ཡོན་7གྱིས་མ་དངུལ་སྒོར་ཁྲི་70གྲབས་གསོག་བྱས་ནས་ཞིང་པའི་ཏང་ཡོན་གྱི་མི་རིགས་བཟོ་ལས་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་རེད། མཉམ་ལས་ཁང་ལ་ལས་མི50བསྡུས་པ་ལས་ས་གནས་དེ་གའི་གྲོང་མི་36ཡོད་པ་དང་། མང་ཚོགས་དབུལ་པོ་14ཡོད་པར་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཡན་བྱུང་བ་མ་ཟད། ལོ་ལྟར་ད་དུང་མང་ཚོགས་ལ་ལག་རྩལ་གསོ་སྦྱོང་བྱེད་ཀྱི་ཡོད། འདི་ནི་མཉམ་ལས་ཁང་གི་ལས་དོན་མི་སྣས་སྣམ་བུའི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།