《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དམིགས་ལས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་13ནས་15ཉིན་བར་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལྷ་སར་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དམིགས་ལས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་། ལྗོངས་དབུལ་སྐྱོར་གཞུང་ལས་ཁང་། ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པ་སོགས་ཚན་པའི་མི་སྣ་གདན་དྲངས་ཏེ་རང་ལྗོངས་ཀྱིས་2019ལོར་བསྡུས་པའི་གྲོང་གསེབ་དར་རྒྱས(སྡེ་ཁུལ་གྱི་ལས་དོན)ཀྱི་ཆེད་དམིགས་ལས་བྱེད་པར་སློབ་ཚན་ཁྲིད་དེ་ཆེས་དམིགས་ལས་བྱེད་པར་སློབ་གསོ་གསོ་སྦྱོང་དང་དོ་དམ་དང་སེམས་ཁུར་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་ཀའི་ཁྲོད་འཕྲད་པའི་ཁོང་ཚོའི་དོགས་གཞིར་ལནབརྒྱབ་སྟེ་ཁོང་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ལྗོངས་ཡོངས་སུ་ཁྱོན་མཐོ་སློབ་སློབ་ཐོན་སློབ་མ་5536གྲོང་གསེབ་དར་རྒྱས(སྡེ་ཁུལ་གྱི་ལས་དོན)ཀྱི་ཆེད་དམིགས་ལས་བྱེད་པར་བསྡུས་པའི་ཁྲོད་ལས་གནས་ཐོག་དངོས་སུ་ཞུགས་མཁན་5310ཡོད་པ་རེད། (བསྟན་འཛིན་བློ་གྲོས་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)