《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་4པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཧོ་ཝུན་ཧའོ་ཡིས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་ཁྲིམས་སྡེ་ཚན་གྱིས་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་གྱི་གསུང་བཤད་གལ་ཆེན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ལས་བྱེད་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ་བཅས་བྱས་ཐོག་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་གོང་མཐོར་བཏང་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཐོག་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་སྤེལ་དགོས་ཞེས་བསྟན་གནང་བ་རེད།

ཧོ་ཝུན་ཧའོ་ཡིས། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་ཁྲིམས་སྡེ་ཚན་གྱིས་གཙོ་གཉེར་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་པ། ལས་རིགས་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་ཞིབ་དཔྱད་དང་འགག་སྒོ་སྲུང་བ་བཅས་ཀྱི་ལས་ཀའི་བཀོད་པ་ཆགས་པར་བྱེད་དགོས། ལྗོངས་ཐད་གཏོགས་སྲིད་ཁྲིམས་ཀྱི་ཚན་པ་ཁག་གིས་བོད་ཀྱི་སྲིད་ཁྲིམས་ཆ་འཕྲིན་ཅན་འཛུགས་སྐྱོང་གི་སྤྱིའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་སྲིད་ཁྲིམས་ཆ་འཕྲིན་ཅན་འཛུགས་སྐྱོང་ལག་བསྟར་ཡག་པོ་བྱེད་པའི་གོ་སྐབས་ནུས་ལྡན་སྤྱད་དེ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཁྲིམས་ཚན་རྩལ་ཤེས་ལྡན་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་ཚན་རྩལ་དང་སྲིད་ཁྲིམས་ལས་དོན་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བོད་ཀྱི་སྲིད་ཁྲིམས་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་ཤུགས་ཆེན་བྱེད་པ་དང་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲིད་ཁྲིམས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།