《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་བསྡུ་སྒྲིལ་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་བསྡུ་སྒྲིལ་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་བསྡུ་སྒྲིལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། རང་ལྗོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་བསྡུ་སྒྲིལ་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས། སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་བསྡུ་སྒྲིལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རིག་ནུས་རླུང་འཕྲིན་བརྙན་འཕྲིན་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ང་ཚོས་ཆབ་སྲིད་དང་། འཐབ་ཇུས།ཕྱོགས་ཡོངས། ཡུན་རིང་བཅས་ཀྱི་སྒོ་ནས་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་བསྡུ་སྒྲིལ་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ། ཀྲུང་དབྱང་གི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བཅས་བྱས་ཏེ། ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཇུས་གཞིའི་དགོངས་དོན་ཁོང་དུ་ཆུད་པ། གཙོ་གནད་ཀྱི་འགག་རྩ་ཁོང་དུ་ཆུད་པ་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། རང་ལྗོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་བསྡུ་སྒྲིལ་དང་རླུང་འཕྲིན་བརྙན་འཕྲིན་5Gའཛུགས་སྐྲུན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་རིམ་པ་མང་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་བསྐང་དགོས་པ་དང་། འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་ཁ་གསལ་དང་ལས་འགན་དོན་འཁྱོལ་དང་། མཉམ་ཤུགས་ཆགས་པ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ལས་དོན་ཁག་དམིགས་སར་དོན་འཁྱོལ་དང་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།