《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月17日

པར་རིས་གསར་འགྱུར།

དབུལ་སྒྲོལ་བྱུང་རྗེས་ཀྱི་འཚོ་བ་གསར་པ།

↑ཧུའུ་ནན་ནུབ་རྒྱུད་ཀྱི་ཐུའུ་ཅ་རིགས་དང་མེའོ་རིགས་རང་སྐྱོང་ཀྲོའུ་ཡི་ཧྲི་པ་ཏུང་གྲོང་ཚོ་ནི་ཝུའུ་ལིང་རི་རྒྱུད་ཀྱི་མཐིལ་དུ་གནས་ཡོད། དེ་སྔོན་འདི་གར་རི་མཐོ་ལ་ལམ་ཐག་རིང་བ་དང་། འགྲིམ་འགྲུལ་ཤར་གཏོང་མེད་པ། མི་རེར་ཆ་སྙོམས་རྨོ་ཞིང་གི་རྒྱ་ཁྱོན་ཆུང་བ་བཅས་ཡིན་པས་མེའོ་རིགས་ཀྱི་དབུལ་པོའི་གྲོང་ཚོ་དཔེ་མཚོན་ཅན་ཞིག་རེད། 2014ལོ་ཚུན་དུ་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱ་ཡུལ་དང་པོ་ཡིན་པའི་ཧྲི་པ་ཏུང་གྲོང་ཚོར་རིམ་བཞིན་འགྱུར་ལྡོག་བྱུང་ཡོད། འདམ་རྫབ་ཀྱི་རི་ལམ་སྣུམ་ནག་ལམ་བུར་གྱུར་པ་དང་། རང་འབབ་ཆུ་ཀ་ལ་གྲོང་ཚོར་ཁྲིད་ཐུབ་པ། ཧྲེ་པ་ཏུང་གྲོང་ཚོའི་མང་ཚོགས་ཀྱི་དཀའ་ངལ་བསལ་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་མང་པོ་འཚོལ་ཐུབ་པ་བཅས་བྱུང་ཡོད། 2016ལོར་ཧྲི་པ་ཏུང་གི་གྲོང་ཚོ་ཡོངས་དབུལ་སྒྲོལ་བྱུང་སྟེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཚང་མས་དབུལ་སྒྲོལ་བྱུང་རྗེས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཤིང་། འདི་ནི་ཧྲི་པ་ཏུང་གྲོང་ཚོའི་ཟུར་ཞིག་ཡིན་པ།

གསར་དུ་བསྐྲུན་པའི་ཨན་ཧྲུན་ནས་ལིའུ་ཕན་ཧྲུའེ་བར་གྱི་ལྕགས་ལམ་མཉམ་དུ་སྒྲིག་སྦྱོར་ཚོད་ལྟའི་དུས་མཚམས་སུ་སླེབས་པ།

↑ཉེ་ཆར། གསར་དུ་བསྐྲུན་པའི་ཨན་ཧྲུན་ནས་ལིའུ་ཕན་ཧྲུའེ་བར་གྱི་ལྕགས་ལམ་མཉམ་དུ་སྒྲིག་སྦྱོར་ཚོད་ལྟ་བྱེད་འགོ་ཚུགས་ཏེ། ལས་གྲྭ་ཞིབ་བཤེར་རྩིས་ལེན་གྱི་འགག་རྩའི་དུས་སུ་སླེབས་ཡོད། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱས་པར། ཨན་ལེའུ་ལྕགས་ལམ་ལ་ཁྱོན་རིང་ཚད་སྤྱི་ལེ་125ཙམ་ཡོད་པ་དང་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཉིས་ཐིག་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་ཡིན་པ་དང་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་250ཇུས་འགོད་བྱས་ཤིང་། འདི་ནི་ཨན་ལེའུ་ལྕགས་ལམ་ཐོག་མེ་འཁོར་ཚོད་གཏོང་བྱེད་བཞིན་པ།