《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月17日

ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་32.9%ལེགས་གྲུབ་ཟིན་པ།

ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་10ལས་བརྒལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ཆེད་དོན་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་7ཉིན་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་19.7ལས་ཞུགས་གཞན་སྒྱུར་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་32.9%ལེགས་གྲུབ་བྱུང་ནས། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་10.1བྱུང་བ་དང་། ལོ་ཧྲིལ་པོའི་དམིགས་ཚད་ཀྱི་24%ལེགས་གྲུབ་བྱུང་ཡོད།

ལྷ་ས་གྲོང་ཁྱེར་དུ་མི་ཁྲི་3.6ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་1.3བྱུང་བ་དང་། གཞིས་རྩེ་གྲོང་ཁྱེར་དུ་མི་ཁྲི་6.6ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་3.5བྱུང་བ། ལྷོ་ཁ་གྲོང་ཁྱེར་དུ་མི་ཁྲི་1.9ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་0.8བྱུང་བ། ཉིང་ཁྲི་གྲོང་ཁྱེར་དུ་མི་ཁྲི་0.8ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་0.3བྱུང་བ། ཆབ་མདོ་གྲོང་ཁྱེར་དུ་མི་ཁྲི་1.8ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་1.1བྱུང་བ། ནག་ཆུ་གྲོང་ཁྱེར་དུ་མི་ཁྲི་4.8ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་2.8བྱུང་བ། མངའ་རིས་ས་ཁུལ་དུ་མི་ཁྲི་0.2ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་0.2བྱུང་བ་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ཆེད་དོན་ལམ་སྲོལ་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་ཐུབ་པ་བྱེད་པ། ཐོན་ལས་ལ་བརྟེན་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པ། རྩ་འཛུགས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད། གནད་སྨིན་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། འགན་འཁྲིར་བརྟེན་ནས་ལས་ཞུཌ་འགན་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འདི་ལོའི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཏན་ཏིག་ངང་བསྒྲུབ་རྒྱུ་རེད།