《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

རྨང་གཞིའི་སློབ་གསོ་དོ་སྙོམས་ཅན་ལ་ནུས་ཤུགས་ ཡོད་རྒུས་སྐུལ་འདེད་གཏོང་དགོས།

མཱ་ཅིང་།

སློབ་གསོ་དྲང་གཞག་ཡོང་བར་བྱེད་པ་ནི་སྤྱི་ཚོགས་དྲང་གཞག་ཡོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་དྲང་གཞག་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།

ཕྲུ་གུ་ཚང་མར་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་ལོངས་སྤྱོད་ཐུབ་པར་བྱེད་དགོས། རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་མིན་པ་ལས་བྱུང་བའི“ས་ཁོངས་རང་བཞིན་དང་གྲུབ་ཆའི་རང་བཞིན”སློབ་གསོའི་འཕེལ་རྒྱས་ཀྱི་ཆུ་ཚད་དོ་སྙོམས་མིན་པའི་གནད་དོན་དང་དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོ་དྲང་གཞག་ལ་རེ་སྒུག་ཆེན་པོ་བྱེད་པར་ཕྱོགས་ནས། རིམ་ཁག་སློབ་གསོའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་མུ་མཐུད་འབད་བརྩོན་བྱས་ཏེ། རྨང་གཞིའི་སློབ་གསོའི་ཐོན་ཁུངས་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས། སྤྱི་ཚོགས་དང་མི་སྒེར་གྱིས་ཀྱང་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་། སློབ་གསོའི་ཐོན་ཁུངས་སྤུས་ལེགས་རང་རྟོགས་ངང་མཉམ་སྤྱོད་བྱས་ཏེ། སློབ་གསོ་འཕེལ་རྒྱས་དོ་སྙོམས་མིན་པའི་གནད་དོན་རིམ་གྱིས་སེལ་དགོས།

རྨང་གཞིའི་སློབ་གསོ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བར། དགེ་རྒན་དོ་དམ་དཔྱད་ཞིབ་བྱ་ཐབས་གསར་གཏོད་ཀྱིས་དགེ་རྒན་གྱི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པར་སྐུལ་འདེད་གཏོང་དགོས། དཔེར་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་གོང་འོག་སྤེལ་རེས་དང་། སློབ་སྤྱི་དང་དགེ་རྒན་ལས་གནས་བརྗེ་རེས་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་གསོའི་ཁོངས་གཏོགས་མི་སྣ་འགྲོ་རྒྱུག་གི་ཐབས་ལམ་གཏོད་དགོས། གྲོང་ཁྱེར་གྱི་དགེ་རྒན་གྲོང་གསེབ་ཏུ་སློབ་སྐྱོར་ལ་སྐྱོད་པར་སྐུལ་ལྕག་དང་ཆབས་ཅིག དགེ་རྒན་དང་ལས་བཟོའི་སྒྲིག་ཁོངས་དང་། གླ་ཕོགས། ཕན་བདེ་འགན་ལེན། དེ་བཞིན་གོ་མིང་དཔྱད་འདེམས་དང་འདེམས་སྒྲུག་གནས་སྤོར་སོགས་ཀྱི་ཐད་གཞི་རིམ་དུ་སློབ་ཚན་འཁྲིད་མཁན་དགེ་རྒན་ལ་སྲིད་ཇུས་ཐད་ནས་གཟིགས་སྐྱོང་ངེས་ཅན་བྱེད་དགོས།

རྨང་གཞིའི་སློབ་གསོ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བར། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་བྱས་ནས། ཐག་རིང་ལུང་ཁུག་དང་ས་ཁུལ་དབུལ་པོའི་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོའི་མཁྲེགས་ཆས་སྒྲིག་བཀོད་ཕྱོགས་སྒྱུར་རིམ་སྤོར་བྱས་ཏེ། མང་ཚོགས་ཀྱི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱི་དགོས་མཁོ་སྐོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་འདོམས་འཆར་འགོད། སྤྱི་འདོམས་དོ་དམ། སྤྱི་འདོམས་བཀོད་སྒྲིག་བཅས་ཀྱི་སློབ་གསོའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ནུས་པ་འདོན། མི་དང་། དངུལ། ས་ཆ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་དམ་འཛིན། གྲོང་གསེབ་ཀྱི་ཐག་རིང་ལུང་ཁུག་གི་སློབ་གསོའི་མ་དངུལ་དང་། སློབ་ཁྲིད་སྒྲིག་ཆས། སློབ་གྲྭའི་ཁང་པ་དང་ཉལ་ཁང་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན། ཆ་རྐྱེན་ཅུང་ཞན་པའི་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་དགེ་རྒན་ལ་སློབ་ཁྲིད་ཀྱི་ཆ་རྐྱེན་ཡོད་པ་དང་། སློབ་མར་སློབ་སྦྱོང་གི་ཆ་རྐྱེན་ཡོད་པར་བྱེད་དགོས།

རྨང་གཞིའི་སློབ་གསོ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བར། སྤྱི་ཚོགས་ཞུགས་པའི་ནུས་པ་འདོན་པ་དང་སློབ་སྦྲེལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། “ཐོན་ཁུངས་མཉམ་སྤྱོད་མཉམ་སྐྲུན་གྱི་མནའ་འབྲེལ”འཛུགས་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྨང་གཞིའི་སློབ་གསོའི་ཐོན་ཁུངས་བགོ་བཤའ་རྒྱག་པའི་བརྒྱུད་རིམ་ལ་ཞུགས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སློབ་གསོའི་ཐོན་ཁུངས་བལྟོས་བཅས་ཞན་པའི་ཐག་རིང་ལུང་ཁུག་ཁུལ་དང་གྲོང་གསེབ་ཁུལ་དུ་དོ་ཁུར་བྱེད་པར་ཁྲིད་སྟོན་བྱས་ཏེ། རོགས་རམ་དང་། རོགས་སྐྱོར། དང་བླངས་བཅས་ཀྱི་བྱེད་ཐབས་བརྒྱུད། སློབ་གསོའི་སྟོབས་ཤུགས་ཞན་པའི་སློབ་གྲྭའི་སློབ་ཁྲིད་ཀྱི་ཉམས་མྱོང་དང་དོ་དམ་གྱི་འཇོན་ཐང་ཆེ་རུ་གཏོང་དགོས།