《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་གཞོན་དར་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་10ཉིན། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་གཞོན་དར་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་བཅས་ཀྱི་ཐད་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཞའོ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཀྲོང་ཧུང་ཤང་དང་། མཱ་ཁྲུན་པོ། ཚེ་རིང་གནམ་མགོན། རྡོ་རྗེ་ནོར་བུ་སོགས་སློབ་མའི་འཐུས་མིས་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཐོག་སྤྱི་ཚོགས་དོ་དམ་དང་། དཔལ་འབྱོར་འཕེལ་རྒྱས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན། ཁེ་ལས་འཕེལ་རྒྱས་སོགས་ཀྱི་གནད་དོན་གཙོ་བོའི་ཐད་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འདོན་བྱས་པ་རེད།

ཏིང་ཡེ་ཤན་གྱིས་ནན་ཏན་ངང་གསན་ནས་ཟིན་བྲིས་བརྒྱབ་གནང་བ་དང་། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་ལན་སྐྱོན་གནང་བ་མ་ཟད། ད་དུང་ལས་བྱེད་པ་སློབ་མའི་འཐུས་མིའི་གཏམ་བཤད་ཀྱི་བརྗོད་དོན་གཙོ་བོ་གནད་ལ་འཁེལ་བ་དང་གྲོས་འགོ་དང་བསམ་འཆར་གྱི་དངོས་སྒྲུབ་རང་བཞིན་ཆེ་བར་ཁས་ལེན་ཡང་གང་ལེགས་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སོགས་སློབ་སྦྱོང་བྱེད་པའི་གཙོ་གནད་ལ་དམིགས་ཏེ་སྦྱོང་བསམ་སྤྱོད་གསུམ་སྦྲེལ་མཐུད་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱས་ནས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་གྲུབ་འབྲས་དེ་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། གོང་བཀུར། སྲུང་སྐྱོང་བཅས་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས། བསམ་གཞིག་བྱེད་མཁས་པོ་བྱེད་དགོས་ཤིང་། རིགས་པའི་གཞུང་ལུགས་དང་ལས་སྒོའི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག བསམ་བློར་བཅིངས་འགྲོལ་བཏང་ནས་ཐབས་འཚོལ་ཇུས་འདོན་དང་། བསམ་ཕྱོགས་གསལ་པོ་བཟོས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཐོག་སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་ཕན་འབྲས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྒུལ་ནུས་སྣོན་དགོས། ལག་ལེན་ནན་ཏན་བྱེད་དགོས་ཤིང་། རང་འགུལ་ངང་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་སྤྱད་དོན་དངོས་གནད་དོན་ལ་དབྱེ་ཞིབ་ཐག་གཅོད་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་སྤྱོད་ཐོག་དངོས་འབྲེལ་དོན་འཁྱོལ་ཡོང་བ་བྱས་ཏེ། སེམས་ནུས་ཡོད་རྒུས་འགན་འཁྲི་གཙང་སྒྲུབ་ཀྱིས་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)