《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་51པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་51པ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། ཝང་ཅུན་བཅས་དང་དྲུང་ཆེ་ལིའུ་ཀོང་ཞུས་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པ་ཟླ་དྲུག་པའི་ཟླ་སྟོད་དུ་ལྷ་སར་འཚོག་རྒྱུ་དང་ཚོགས་འདུའི་གྲོས་རིམ་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུ། 《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་སྲོལ་ཡིག》ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་། ཉེ་བའི་ལོ་གསུམ་རིང་གི་ནོར་སྲིད་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་གནས་ཚུལ་སྐོར་གྱི་སྙན་ཞུ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་གནས་ཚུལ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་བའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ། 2020ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་རང་སྐྱོང་ལྗོངས་ཀྱི་2020ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་གཏན་འབེབས(འཆར་ཟིན)ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཉེས་དོན་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་གཏུག་བཤེར་དང་ལག་བསྟར་བྱེད་སྒོའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འཐུས་མི་འགའ་ཞིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་དང་དེ་བཞིན་སྤྱི་བསྒྲགས(མ་ཟིན)ལ་གྲོས་ཞིབ་བྱ་རྒྱུ། གོ་གནས་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་རེད།

ཀྲུའུ་རེན་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སྐོར་གྱི་སྙན་སེང་གསན་པ་དང་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ནན་ཏན་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆོག་མཆན་ཐོབ་རྒྱུར་ཕུལ་བའི《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ་གསན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང《2019ལོའི་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུའི》སྐོར་གྱི་གྲོས་ཞིབ་བསམ་འཆར་གསན་པ་དང་ཚོགས་འདུའི་ཐོག་གི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་སྒྲུབ་གཉེར་བྱ་རྒྱུར་སྤྲོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)