《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

པར་རིས་གསར་འགྱུར།

ཡིང་ཤིས་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལམ་གདུང་གདིང་བའི་ལས་འགན་ལེགས་གྲུབ་བྱུང་བ།

↑ ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་ལྔ་པའི་ཨར་སྐྲུན་པས་ཡིང་ཁྲོན་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྲའན་ཤིས་ཞན་དབྱང་ཝེ་ཧོ་གཙང་པོའི་ཟམ་ཆེན་ཨང་རྟགས་227ནས་ཨང་རྟགས་226བར་གྱི་ཟམ་གདན་ཐོག་ལམ་གདུང་མཇུག་ཤོས་བཏིང་ཟིན་ནས་ཡིང་ཁྲོན་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལམ་གདུང་འདིང་བའི་ལས་འགན་ལེགས་གྲུབ་བྱུང་བ་མཚོན་ཡོད། ཡིང་ཁྲོན་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བའི་པའོ(ཡིང)མཚོའི་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ལ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། འདི་ནི་ཨར་སྐྲུན་པས་ཡིང་ཁྲོན་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཞན་དབྱང་ཝེ་ཧོ་གཙང་པོའི་ཟམ་ཆེན་ཐོག་ལམ་ཐིག་ཧྲིལ་པོའི་ལམ་གདུང་མཇུག་ཤོས་འདིང་བཞིན་པ།

ལས་འགོ་བསྐྱར་དུ་བཙུཌ་ནས་ཟམ་ ཆེན་བསྐྲུན་པར་བྲེལ།

← ཉེ་ཆར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཐན་གྲོང་ཁྱེར་ཤན་ཡིའུ་རྫོང་གི་ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་གྱི་མེ་ཀྲོའུ་མཚོ་སྒྲོལ་ཟམ་ཆེན་མུ་མཐུད་སྐྲུན་འགོ་ཚུགས་པ་དང་། སྔོན་རྩིས་བྱས་ན་ཕྱི་ལོའི་ཟླ་བཅུ་པར་བསྐྲུན་ཚར་རྒྱུ་རེད། ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་མཚོ་སྒྲོལ་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་རེད་ལ། “ཕྱོགས་བཞི་མཚམས་བརྒྱད”དང་སྦྲེལ་བའི་ཤར་ལྷོའི་མཚོ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་གལ་ཆེན་ཞིག་ཀྱང་རེད། མེ་ཀྲོའུ་མཚོ་སྒྲོལ་ཟམ་ཆེན་ནི་ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེའི་རིང་ཚད་ལ་སྤྱི་ལེ་14.7ཡོད་པའི་ནང་མཚོ་ཐོག་གི་ལམ་ཐག་སྤྱི་ལེ་10ཡོད་ལ། མཚོ་ཁོངས་ཀྱི་ལམ་ཐག་རིང་བ་དང་། ལས་གྲྭའི་ལས་འབོར་ཆེ་བ། ལས་གྲྭའི་དཀའ་གནད་ཆེ་བ་བཅས་ཡོད་པས། མཚོ་སྒྲོལ་མྱུར་བགྲོད་ལྕགས་ལམ་ཟམ་པའི་དཔེ་མཚོན་ལས་གྲྭ་ཞིག་རེད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ།

→ ཉེ་ཆར། སི་ཁྲོན་ཞིང་ཆེན་ཀྲའོ་ཅུའེ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྫོང་གྲོང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་རྣམས་གནས་སྤོ་བྱེད་འགོ་ཚུགས་ཡོད། བཀོད་སྒྲིག་བྱ་ཡུལ་དེ་དག་ཀྲའོ་ཅུའེ་རྫོང་ཉེ་འགྲམ་གྱི་གྲོང་བྱང་ཤང་གུའུ་ཏུའོ་གྲོང་ཚོ་དང་གྲོང་བྱང་གི་ཤང་ཕུའུ་ཐེ་གྲོང་ཚོར་གནས་ཡོད་པ་དང་དེར་ཤང་དང་གྲོང་རྡལ་28ཀྱི་སྲིད་འཛིན་གྲོང་ཚོ་92ཀྱི་དུད་ཚང་3914ཡི་མང་ཚོགས་དབུལ་པོ་18000ལྷག་ཙམ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད། འདི་ནི་ཀྲའོ་ཅུའེ་རྫོང་གི་ཀྲའོ་མེ་སྡེ་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཡིན་པ།