《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

སློབ་གྲྭར་ས་མཐོའི་འོ་མ་བསྐྱལ་བ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་82ཀྱི་སློབ་མ་ཁྲི་6ལྷག་ཙམ་ལ་བོད་ཀྱི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་བདེ་འཇགས་དང་བློས་འགེལ་ཆོག་པའི་ས་མཐོའི་འོ་མ་འཐུང་རྒྱུ་བྱུང་བ་དང་ཧའེ་ས་སློབ་ཆུང་གི་སློབ་ཕྲུག་བློ་བཟང་ནོར་བུས“དེ་སྔ་ང་ཚོས་ཕྱི་ཕྱོགས་ནས་ཐོན་པའི་འོ་མ་འཐུང་བ་དང་ད་ཆ་ང་ཚོར་ལྷ་ས་ནས་ཐོན་སྐྱེད་བྱས་པའི་འོ་མ་འཐུང་རྒྱུ་བྱུང་བས་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བཤད་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་དྲུག་པའི་འཛིན་གྲྭ་དྲུག་པའི་སློབ་ཕྲུག་ཚོས་སློབ་མའི་འཚོ་བཅུད་འོ་མ་འཐུང་བཞིན་པ།