《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月14日

རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་རྩྭ་འདེབས་འཕེལ་རྒྱས་ལ་ཆེད་དོན་ཞིབ་འཇུག་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་12ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ《ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་བོད་ཀྱི་རྩྭ་འདེབས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2020ལོ་ནས་2022ལོ་བར)》ལ་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག སྡེ་ཚན་ཁག་གི་ཕན་ཚུན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཕྱུགས་རྩྭ་འདེབས་ལས་ཀྱི་གསར་གཏོད་འདུ་འགོད་དང་། རོང་སའི་ཞིང་ཁུལ་གྱི་གཟན་རྩྭའི་སྤུས་འབོར་གཉིས་འཕར་གྱི་གསར་གཏོད་འདུ་འགོད། མཐོ་གྲང་འབྲོག་ཁུལ་གྱི་རྩྭ་ཁ་སྤུས་འབོར་གཉིས་འཕར་གྱི་གསར་གཏོད་འདུ་འགོད། གཟན་རྩྭ་ལས་སྣོན་གྱི་གསར་གཏོད་འདུ་འགོད། རང་བྱུང་རྩྭ་ར་སྲུང་སྐྱོང་དང་ཐོན་སྐྱེད་ནུས་ཤུགས་རིམ་སྤོར་གྱི་གསར་གཏོད་འདུ་འགོད། རྩྭ་འདེབས་ཀྱི་ཚན་རྩལ་ལས་སྟེགས་ཀྱི་གསར་གཏོད་འདུ་འགོད་བཅས་ལག་ལེན་བསྟར་ནས་ཐོན་ལས་བཀོད་སྒྲིག་དང་། རྟེན་གཞིའི་སྒྲིག་བཀོད། ས་ཞིང་ཐོན་ཁུངས། ཚན་རྩལ་ཤེས་ལྡན་པ་སོགས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་ཡག་པོ་བྱས་ནས། ཚན་རྩལ་གྱི་ངོས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གི་འཆར་གཞི་ཆེན་པོ་ཡག་པོ་འདིང་བར་གཞོགས་འདེགས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།