《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月13日

ལྷུན་གྲུབ་རྫོང་གི་ཏང་ཡོན་ལས་བྱེད་པ་དབུལ་སྐྱོར་གྱི་གཡུལ་ས་གཙོ་བོར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་གཞི་རིམ་ཏང་འཛུཌ་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཏང་འཛུཌ་སྐྱོང་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་མཉམ་དུ་སྤེལ་ཡོད་པ་རེད།

དཔྱད་ཞིབ་ཚོད་འཛིན་ནན་པོ་བྱས་ཏེ་དུས་ཐོག་ཏུ་ལས་འགན་སྒྲུབ་ནུས་ཞན་པ་དང་འགན་འཁྲི་འཁུར་མི་ཐུབ་པའི་གྲོང་ཚོའི་ལས་བྱེད་པ་བཅོས་སྒྲིག་བྱས་ཡོད། 《ལྷུན་གྲུབ་རྫོང་གི་གྲོང་ཚོའི་ལས་བྱེད་པའི་གྲུབ་འབྲས་དཔྱད་ཞིབ་བྱ་དགའི་ལག་བསྟར་ཞིབ་སྲོལ》དང《ལྷུན་གྲུབ་རྫོང་གི་གྲོང་ཚོ་རིམ་པའི་རྩ་འཛུགས་ཚན་ཁག་གི་དཔྱད་ཞིབ་བྱ་ཐབས》བཟོས་ནས་ལྕག་སྐུལ་གྱི་ནུས་པ་ཆེ་རུ་བཏང་སྟེ་གྲོང་ཚོའི་ལས་བྱེད་པར་ལས་གནས་ཐོག་འགན་འཁྲི་ཡོད་པ་དང་། ཡོང་འབབ་འགན་ལེན་ཡོད་པ། ལས་དོན་ཡག་པོ་བསྒྲུབས་ན་རེ་བ་ཡོད་པ་བཅས་བྱས་ཡོད། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་ཀའི་འཇོན་ཐང་ཆེ་བ། ལས་ཀའི་སྤྱོད་ཚུལ་བཟང་བ་བཅས་ཀྱི་རྫོང་དང་ཤང་གི་ལས་བྱེད་པ་གྲོང་ཚོར“1+3”གྱི་ཆེད་བསྐོས་ལས་བྱེད་པར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད། ཏང་ཡོན་དཔུང་ཁག་གི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱས་ནས་ཏང་ཡོན་གྱི“འགན་ལེན་གསུམ”གྱི་ལས་དོན་དེ་གནད་སྨིན་དབུལ་སྐྱོར་གྱི་ཆ་སྒྲིག་རོགས་སྐྱོར“321”བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་4357གྱིས་ཞིང་འབྲོག་མང་ཚོགས་དུད་ཚང་10245ལ་འབྲེལ་གཏུག་ཐུབ་པ་བྱས་ཡོད།

“ཕྱུག་པོའི་གྲོང་ཚོ་འཕེལ་རྒྱས་གཏོང་བ་དང་། སྤྱིར་བཏང་གི་གྲོང་ཚོ་སྟོབས་ཆེར་གཏོང་བ། ཉམས་ཞན་གྲོང་ཚོར་རོགས་སྐྱོར་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་རོཌ་སྐྱོར་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཆེད་དོན་རོགས་སྐྱོར་ཐེབས་རྩའི་ཕན་འབྲས་ཆེ་ཤོས་འདོན་པ། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ་བཅས་བྱས་ཡོད། 2019ལོར། ལྷུན་གྲུབ་རྫོང་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་10ཡན་ཟིན་པའི་གྲོང་ཚོ་29ཡོད་པ་དང་། 2020ལོར། གྲོང་ཚོ་45ཚང་མའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་10ཡན་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།