《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月12日

གཟའ་འཁོར་འདིའི་གནམ་གཤིས།

གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་དང་སླད་ ཕྱིན་གྱི་གནམ་གཤིས་འགྱུར་ལྡོག

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2020ལོའི་ཟླ་5ཚེས་11ནས་ཚེས་17ཉིན་བར)

གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲི་དང་ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོར་ཆར་པ(གངས)ཆུང་བ་འབབ་རྒྱུ། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་ཤར་ལྷོའི་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་ལྷག་པ་དང་ཕུར་བུར་ཉིང་ཁྲི་དང་ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོར་ཆར་པ(གངས)ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། ཉིང་ཁྲིའི་ས་བབ་དམའ་བའི་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་ཤར་ལྷོའི་རྒྱུད་དུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ།

གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་། ལྷོ་ཁ། ནག་ཆུ་བཅས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ(གངས)ཆུང་བ་འབབ་རྒྱུ། མངའ་རིས་ཀྱི་ཤར་རྒྱུད་དང་། གཞིས་རྩེའི་ཤར་ལྷོའི་རྒྱུད། ལྷ་ས་དང་ཆབ་མདོར་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་ཉུང་ཉུང་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

གཉིས། གྲོས་འགོ

1.ས་བབ་མཐོ་བའི་ས་ཆར་སྔར་བཞིན་གང་གསོག་ཐེབས་ཡོད་པས་འགྲོ་ལམ་འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད།

2.ཤར་རྒྱུད་ས་ཁུལ་དུ་གངས་རྡིབ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

3.ནགས་ཚལ་དང་རྩྭ་རའི་མེ་སྐྱོན་ལ་འགོག་ཟོན་དང་གྲོང་ཁྱེར་གྱི་མེ་སྤྱོད་བདེ་འཇཌ་ལ་ཤུགས་སྣོན་རྒྱག་དགོས།