《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་མུ་མཐུད་བརྟན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་7ཉིན་གནས་ཚུལ་འབྱོར་གསལ། “ལྔ་གཅིག”རིང་། རང་ལྗོངས་ཀྱི་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ་མི་སྣ་འདུ་འཛོམས་བྱ་ཡུལ་ཁག་གི་དོ་དམ་ལ་ཤུགས་སྣོན་དང་། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་མུ་མཐུད་བརྟན་དུ་བཅས་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོ་བདེ་ཐང་དང་། བདེ་འཇཌ། འཆམ་མཐུན་བཅས་ཀྱི་གུང་གསེང་ཞིག་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་ཁུལ་ཅུས་ཀྱིས་ཞིབ་བཤེར་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ལྷ་ས་གོང་དཀར་གནམ་ཐང་དུ་དུས་ཆེན་རིང་གི་བདེ་འཇགས་ཐད་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། གནམ་ཐང་བབས་ཚུགས་ཀྱི་འཛུལ་སྒོའི་ཚོམས་ཆེན་དང་། ཐོན་སྒོའི་ཚོམས་ཆེན། ལས་རེས་བདེ་འཇགས་ཞིབ་བཤེར་ཁུལ། གནམ་གྲུ་སྒུག་སའི་ལོགས་འཇོག་ཁུལ་སོགས་གཙོ་གནད་ཁུལ་དུ་ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་། འདྲི་རྩད། ལྟ་བསྡུར་ཞིབ་བཤེར་བཅས་ཀྱི་བྱེད་ཐབས་བརྒྱུད་འབྲེལ་ཡོད་ཚན་པར་གོང་རིམ་དམངས་སྤྱོད་མཁའ་འགྲུལ་དང“ལྔ་གཅིག”རིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དོན་འཁྱོལ་དང་། གནམ་ཐང་གི་འཁོར་རྒྱུག་དང་། ལས་རེས་ལས་སྒྲུབ་གྲ་སྒྲིག རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་ཞིབ་ཚགས་བྱས་ཏེ་དམར་ཕྱིའི་ཚ་བ་འཇལ་ཆས་གྲབས་ཉར་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཚོན་རྟགས་བྱང་བུ་འཛུགས་པ། རིམས་འགོག་དངོས་ཟོག་བེད་སྤྱོད་ལུགས་མཐུན། འགྲུལ་པའི་བདེ་ཐང་ཨང་རྟགས་བཤེར་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་དག་ཐེར་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

ལྷ་ས་འགག་སྒོས་དུས་འགོའི་མངའ་ཁོངས་སུ་འཛུལ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་མགྱོགས་མྱུར་ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག“ཐོགས་མེད་བགྲོད་ལམ”སོགས་འགག་སྒོ་སྒྲོལ་བར་སྟབས་བདེ་སྐྲུན་པའི་ཞབས་ཞུའི་བྱེད་ཐབས་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ་ཕྱིར་གཏོང་ནང་འདྲེན་ཕྱོགས་གཉིས་ཀའི་འགག་སྒོ་དུས་འགྱངས་མེད་པར་ཤར་གཏོང་ཐུབ་པའི་འགན་ལེན་གྱིས་ཕྱི་ཕྱོགས་ཚོང་དོན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་དེའི་ནང་ཞུགས་ཚད་མང་དུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་གཙོ་གནད་ཚོང་ཟོག་ལ་དོ་ཁུར་དང་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ། ཕྱི་ཕྱོགས་ཚོང་དོན་བརྟན་དུ་གཏོང་རྒྱུའི་བྱེད་ཐབས་ཁག་རྒྱུན་མཐུད་དོན་འཁྱོལ་དང་མཐའ་མཚམས་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་དེ་བས་ཆེ་རུ་གཏོང་བ་སོགས་ལ་དམ་པོར་དམིགས་ཏེ་འགག་སྒོའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་བརྒྱབ་ནས་རྒྱལ་མཚམས་འགག་སྒོའི་རིམས་ནད་ཞིབ་བཤེར་གྱི་འགོག་སྲུང་འཛིང་རགས་དང་པོ་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ཡོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)