《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

རང་ལྗོངས་ཀྱིས་ལྷ་སའི་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོའི་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་སྣེའུ་ཕུག་ལམ་དང་ནེའུ་ཆུང་རིའི་ཕུག་ལམ་སོགས་ལྷོ་བྱང་རི་བོའི་བྱེ་འགོག་བྱེ་བཅོས་ས་ཚིགས་དང་ཤིང་འཛུགས་ནགས་བཟོའི་ས་ཚིགས་སུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོའི་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་དང་ཕན་འབྲས་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་མཐའ་འཁོར་གྱི་རི་བོ་སྔོ་ལྗང་ཅན་དུ་འགྱུར་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་དང“རི་བོ་གཉིས”ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་རྣམ་གྲངས་ལག་བསྟར་བྱེད་པའི་མྱུར་ཚད་དང་ལས་ཀའི་ཕན་འབྲས་ལ་དམ་འཛིན་བྱེད་པ། ཤིང་འཛུགས་ནགས་བཟོའི་སྤུས་ཚད་ཀྱི་འགག་སྒོ་དམ་སྲུང་བཅས་བྱས་ཏེ་ལྗོན་ཤིང་བཏབ་པ་ཐམས་ཅད་གསོན་ཐུབ་པ་དང་། གསོན་པ་ཐམས་ཅད་སྔོ་ལྗང་དུ་འགྱུར་ཐུབ་པའི་འགན་ལེན་བྱས་ནས་གྲོང་མིར་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་བཏོད་དགོས་ཞེས་བསྟན་པ་རེད།