《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་སེལ་དཀའ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་སེལ་དཀའ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཡུང་ཆིས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་ཡིག་ཚགས་དང་གཱ་བཟོ་བའི་ཆ་འཕྲིན་འཐུས་སྒོ་ཚང་དུ་བཏང་ནས་མི་ནོར་བ་དང་མི་ལུས་པ་དང་། འགུལ་རྣམ་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས། ལས་ཞུགས་ཐད་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ཡག་པོ་བྱེད་པ་དང་། ལས་ཞུགས་ཆ་འཕྲིན་མཁོ་འདོན་དང་ལས་ཞུགས་ལ་མཛུབ་ཁྲིད་བྱས་ནས“མི་གཅིག་ལས་ཞུགས་ཐུབ་ན། ཁྱིམ་ཚང་གཅིག་གི་དཀའ་ངལ་སེལ་ཐུབ་པ”དང་ལྷག་པར་དུ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་གོ་རིམ་ལྡན་པའི་ངང་དཀའ་ངལ་ཡོད་པའི་ལས་བཟོ་སྒྲིག་འཛུགས་བྱས་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་བྱེད་དགོས། སྨན་བཅོས་འགན་ལེན་དང་། སློབ་རོགས་རོགས་སྐྱོབ། སྡོད་ཁང་འགན་ལེན། སྤྱི་ཚོགས་རོགས་སྐྱོབ་སོགས་དཀའ་ངལ་སེལ་བ་དང་དཀའ་གནད་ལས་སྒྲོལ་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་གཞི་རྩའི་དམངས་འཚོའི་མཐའ་ཚད་བརྟན་དུ་གཏོང་དགོས། དབུལ་པོ་བསྐྱར་ལོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་དཀའ་ངལ་སེལ་བ་དང་དཀའ་གནད་ལས་སྒྲོལ་བའི་ལས་དོན་བརྟན་པོ་ཡོང་བར་བྱེད་དགོས། བསམ་བློའི་སློབ་གསོ་ཁྲིད་སྟོན་ལ་གཙིགས་ཆེན་དང་། དཀའ་ངལ་ཡོད་པའི་ལས་བཟོའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་གྱི་སློབ་གསོ་དྲིལ་བསྒྲགས་བཅས་བྱས་ནས་ལས་བཟོ་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད། (པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)