《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་28པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་28པ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བསོད་ནམས་རིག་འཛིན། ང་ཕོད་འཇིགས་ཡོན། ཝང་ཡ་ལིན། སྒྲོལ་དཀར། ལེ་ཀུའེ་ལུང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ཐུན་མོང་ཐོག་སློབ་སྦྱོང་གནང་བ་རེད།

ཚོགས་འདུའི་ཐོག《སྲིད་གྲོས་ལས་དོན་གྱི་བོད་ཡིག་ཐ་སྙད་གཅིག་གྱུར་བཀས་བཅད་བཟོ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞིར》གྲོས་ཞིབ་གནང་བ་རེད། ཚོགས་འདུའི་ཐོག“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་ཐོག་ནས་སྲིད་གྲོས་ལས་དོན་གྱི་བོད་ཡིག་ཐ་སྙད་གཅིག་གྱུར་བཀས་བཅད་བཟོ་བའི་ཡིག་སྒྱུར་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྲིད་གྲོས་ལས་དོན་གྱི་བོད་ཡིག་ཐ་སྙད་བཀས་བཅད་བཟོ་བའི་ཡིག་སྒྱུར་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་རང་ལྗོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་གྲོས་བསྡུར་གཏིང་ཟབ་གནང་བ་རེད།